དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མུ་མེད་བྱང་ཐང་ཡངས་པོ་རུ། དཀའ་སྤྱད་རྔུལ་ཆུ་གྲངས་མེད་བཏོན།

    ​—— རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི་གྲས་དང་ནག་ཆུར་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པའི་ས་ཚིགས་ཀྱི་ཀྲན་ཀྲང་ཀྲའོ་ཧྲུའུ་པིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-06


    འདི་ནི་ཀྲའོ་ཧྲུའུ་པིན(གཡོན་གྱི་དང་པོ)གྱིས་བོད་བྱང་ཐང་གི་འབྲོག་ཁུལ་དུ་བཅར་འདྲི་བྱེད་བཞིན་པ།

    ཀྲའོ་ཧྲུའུ་པིན་བྱང་ཐང་ལ་དགའ་པོ་ཡོད་པ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་དོན་པ་ཚང་མས་ཧ་གོ་དོན་གསལ་དུ་གྱུར་ཡོད།

    འདི་ཡང་ཁོང་གིས་མི་ཚེའི་ལམ་བུ་གདམ་ག་བྱས་པ་ལས་ཀྱང་གསལ་པོར་མཐོང་ཐུབ། ཆ་སྙོམས་ས་བབ་སྨི་4500ཡོད་པའི་ནག་ཆུར་དཀའ་ཚེགས་ཆེ་བའི་ཁུལ་ཞེས་འབོད་པ་དང་མི་གཞན་གྱིས་ནག་ཆུར་སྐྱོད་པར་འཚེར་སྣང་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་ནག་ཆུའི་གསར་འགོད་པའི་ས་ཚིགས་སུ་བཅའ་སྡོད་ཐེངས་གཉིས་བྱས་པ་མ་ཟད། ཐེངས་གཉིས་ཀ་ཁོང་རང་ཉིད་ཀྱིས་རང་འགུལ་ངང་རེ་ཞུ་བྱས་པ་ཞིག་རེད།

    “འཁོར་ཞག་ལའང་ནག་ཆུར་སྡོད་མཁན་ཞིག་རེད”ཅེས་ལས་རོགས་ཤིག་གིས་ཁོང་ལ་གདེང་འཇོག་འདི་ལྟར་བྱེད།

    ཁོང་གི་ཐོབ་ཐང་ལས་ཁོང་ནི་མི་ཅི་འདྲ་ཞིག་ཡིན་མིན་རགས་ཙམ་རྟོགས་ཐུབ་ཅིང་། དེ་ཡང་ནག་ཆུའི་གསར་འགོད་པའི་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་དང་། བོད་ཀྱི་རྫོང་དང་ཆུས་74ལ་བཅར་འདྲིར་བསྐྱོད་མྱོང་ལ། ཀྲུང་གོའི་གསར་འགྱུར་བྱ་དགའ་ཐེངས་མང་ཐོབ་མྱོང་ཡོད། ད་དུང་ཁོང་ནི་བརྩམས་ཆོས་མང་བའི་བྱང་ཐང་རིག་གནས་ལོ་རྒྱུས་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་ཞིག་ཡིན་པ་མ་ཟད། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཀྲོན་ཡོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་དུ་གདན་ཞུ་བྱས་ཡོད།

    གསར་འགོད་པ་ཡིན་ལ་མཁས་དབང་ཡང་ཡིན་པའི་ཁོང་གིས་བྱང་ཐང་དུ་བཅར་འདྲིར་བསྐྱོད་བཞིན་ཡོད་ལ་དཔེ་ཁང་དུ་ཞིབ་འཇུག་གི་ལས་ལ་གཞོལ་བཞིན་ཡོད། འདི་ལྟར་ལོ་20ཙམ་རིང་ཀྲའོ་ཧྲུའུ་པིན་གྱིས་རྣམ་པ་འདི་གཉིས་ཀྱི་ལམ་ནས་བྱང་ཐང་ལ་ཤེས་རྟོགས་བྱེད་པའམ་ཡང་ན་བྱང་ཐང་ལ་དགའ་བའི་བརྩེ་སེམས་མཚོན་བཞིན་ཡོད་པས། མི་གཞན་གྱིས་མཐོང་མི་ཐུབ་པའི“བྱང་ཐང་གི་ཡུལ་དུས”ཤིག་ཏུ་ཁོང་གནས་བཅའ་བཞིན་ཡོད་པ་རེད།

    འདི་ནི་ལེགས་སྐྱེས་འབུལ་བའི་གཏམ་རྒྱུད་ཅིག་རེད་ལ། དགའ་ཞེན་དོན་དུ་གཉེར་བའི་གཏམ་རྒྱུད་ཅིག་དེ་བས་ཀྱང་རེད།

    ཡུལ་དངོས་སུ་བསྐྱོད་ནས་ཤེས་རྟོགས་བྱུང་བའི་བྱང་ཐང་།

    ནག་ཆུ་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་དང་སྐམ་སའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་རེད། དེས་ན། དེར་བཅར་འདྲི་བྱ་ཡུལ་རྒྱ་ཆེ་ཞིང་ལས་ཀའི་ཆ་རྐྱེན་ཞན་པ་མ་ཟད། གསར་འགྱུར་དུ་མ་བཀོད་པའི་སྟོང་ཆ་མང་པོ་ཡོད་པ་རེད།

    གསར་འགོད་པའི་ས་ཚིགས་སུ་བཅའ་སྡོད་བྱེད་པར་ཐེངས་གཉིས་སྐྱོད་རིང་། ཀྲའོ་ཧྲུའུ་པིན་གྱིས་རླངས་འཁོར་དུ་སྡོད་པ་དང་། རྐང་ཐང་མར་སྐྱོད་པ། སྦག་སྦག་བཞོན་པ་བཅས་བྱས་ནས། འབྲོག་ཁྱིམ་དུ་ཇ་བཏུང་སྤགས་བཟས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་ཤང་གྲོང་དང་ཁྲོམ་གཞུང་119ཚང་མར་བསྐྱོད་ཡོད། འདི་ནི“ས་ཚིགས་སུ་བཅའ་སྡོད”བྱས་པ་ཁོ་ན་ཙམ་ག་ལ་ཡིན། གསོ་རླུང་འདུས་ཚད་ནང་སའི་ཕྱེད་ཀ་ཙམ་ཡང་མ་ཟིན་པའི་གནས་སུ་འགྲོ་སྐྱོད་བྱེད་པར་སྙིང་རུས་མཐའ་འཁྱོངས་བྱེད་པའི་སྤྲོ་སེམས་དང་སྡུག་རུས་དགོས་པ་ནི་ཨ་ཅང་བརྗོད་མེད་ཡིན་ལ། དེས་མ་ཟད་འདི་ནི་མ་གཞི་ནས་ལས་ཀའི་འཇོན་ཐང་ཞིག་ཀྱང་རེད།

    2024ལོའི་དབྱར་ཁར་ཁོང་གིས་ཆུ་ཚོད་5ཡི་ནང་དམག་སྡེ་བཅོ་བརྒྱད་པ་བོད་དུ་ཡོང་སྐབས་ལམ་བར་དུ་ཉེན་ཁ་འཕྲད་སའི་ལེང་ལ་རི་བོར་འཛེགས་ཤིང་། ཀྲའོ་ཧྲུའུ་པིན་གྱིས། ས་བབ་སྨི་5300ལྷག་ཙམ་ཟིན་པའི་ལ་ཁར་སླེབས་དུས། སེམས་ལ་འཆར་བ་ནི་འཐབ་འཛིང་པ་ཚོའི་ཤ་ཁྲག་ཕུང་པོའི་ནང་གི་དད་མོས་དང་ལྷག་བསམ་རྣམ་དག་ཡིན། དེར་བརྟེན། སྐབས་དེར་ངས་ལམ་བུ་ནི་གོམ་པ་རེ་རེ་བཞིན་སྤོས་ནས་བྱུང་བ་ཞིག་ཡིན་པ་དང་། བྱང་ཐང་གནའ་ལམ་དུ་མི་རིགས་ཁག་མཚོ་བོད་ས་མཐོར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་པ་ཤེས་རྟོགས་བྱུང་ཞེས་བཤད།

    “ཁོང་གི་གསར་འགྱུར་རྩོམ་ཡིག་ལས་ང་ཚོར་རྟག་ཏུ་བློ་སྒོ་གསར་པ་ཞིག་འབྱེད་ཀྱི་འདུག འདི་ནི་ཁོང་གི་ཡངས་ཤིང་རྒྱ་ཆེ་བའི་ནང་བསམ་པའི་འཇིག་རྟེན་དང་འདྲ། དེ་ནི་ཕལ་ཆེར་རིགས་གཅིག་མཁས་ཅན་རྣམ་པའི་གསར་འགོད་པའི་ཡིད་དབང་འཕྲོག་ཤུགས་ཤིག་ཡིན་ཤས་ཆེ”ཞེས་དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཏའེ་ལིང་གིས་ཀྲའོ་ཧྲུའུ་པིན་ལ་གདེང་འཇོག་འདི་ལྟར་བྱས།

    2024ལོར་ཀྲའོ་ཧྲུའུ་པིན་གྱིས་བྲིས་པའི《“ཆུ་ཐིགས་དང་པོ”ནས་འགོ་བརྩམས། ——བོད་ཀྱིས་འབྲི་ཆུའི་ཆུ་འགོར་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོང་བྱེད་པ》ལ་སྐབས་34པའི་ཀྲུང་གོའི་གསར་འགྱུར་བྱ་དགའི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད། རྩོམ་ཡིག་འདིའི་ཁྱད་ཆོས་ཆེ་ཤོས་ནི་སྤྱིར་བཏང་གི་དོན་སྙིང་ལྡན་པའི་སྐྱེ་ཁམས་སྐོར་གྱི་འཕྲིན་སྤེལ་ཞིག་མིན་པར“ཆུ་ཐིགས་དང་པོ”དེ་ས་ཁམས་ཀྱི་འབྱུང་ཁུངས་དང་ཤེས་དཔལ་གྱི་འབྱུང་ཁུངས་གཉིས་ཀྱི་དོན་སྙིང་ཐོག་བཞག་སྟེ་བྲིས་པ་ཞིག་རེད། འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱ་རྒྱུ་དེ་སྐྱེ་ཁམས་སྲུང་བཅད་དང་འབྲེལ་བ་ཡོད་པ་མ་ཟད། དེ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་དོན་སྙིང་ཟབ་མོ་མཚོན་གྱི་ཡོད། དེར་བརྟེན་གསར་འགྱུར་དེའི་ནང་ནས་མཁས་དབང་ཞིག་གི་མིག་རྒྱང་མཐོང་ཐུབ་ཀྱི་ཡོད།

    དེབ་རྙིང་ནང་ནས་རྙེད་པའི་བྱང་ཐང་།

    གལ་སྲིད་བྱང་ཐང་ཐེངས་དང་པོ་ཡུལ་དངོས་སུ་བསྐྱོད་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་ཞེས་བརྗོད་ན། བྱང་ཐང་ཐེངས་གཉིས་པ་དཔེ་རྙིང་དང་། གནའ་ལམ། བསྟན་བཅོས། ས་མིང་བཅས་ཀྱི་ནང་ནས་རྙེད་པ་ཞིག་ཡིན།

    ཀྲའོ་ཧྲུའུ་པིན་གྱིས་དེབ་རྙིང་དེ་དག་ལྟ་འགོ་ཚུགས་ས་ནི་2008ལོར་བྱང་ཐང་གི་རི་ཐང་དུ་བརྟག་ཞིབ་བྱེད་སྐབས་སུ་རེད། བརྟག་ཞིབ་ཟླ་བ་བཞི་བྱེད་རིང་ཁོང་གིས་འབྲོག་པ་ཚོ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ཕྱུགས་འཚོ་བ་བཅས་བྱས་ནས《མི་རྩྭ་ཕྱུགས་གསུམ་གྱི་འབྲེལ་བ་དང་རྟ་སྒ་མདོའི་སྤྱི་ཚོགས་རིག་གནས་ཀྱི་འཕོ་འགྱུར》ལེགས་གྲུབ་བྱུང་ཡོད། རྗེས་སུ་ཁོང་སླར་ཡང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས“བྱང་ཐང་གི་འབྲོག་ལས་སྤྱི་ཚོགས་ཀྱི་འཕོ་འགྱུར”ཞེས་པའི་ཞིབ་འཇུག་བྱ་གཞིའི་ལས་དོན་ནང་ཞུགས་ཡོད། དེར་བརྟེན་བྱང་ཐང་ནི་ཁོང་གི་ངོས་ནས་བརྗོད་ན་གསར་འགོད་པའི་འཚོ་བའི་འགོ་འཛུགས་ས་ཙམ་མ་ཟད། རིག་གཞུང་ཞིབ་འཇུག་གི་འགོ་འཛུགས་ས་ཞིག་ཀྱང་རེད།

    ནག་ཆུར་གནའ་ལམ་མང་པོ་ཡོད། ཀྲུང་དབྱང་གི་རྒྱལ་རབས་རིམ་བྱུང་གིས་བོད་བཅོས་སྐྱོང་བྱས་ཚུལ་གྱི་རྗེས་ཤུལ་མང་པོ་འདིར་བཞག་ཡོད་མོད། འོན་ཀྱང་དོ་ཁུར་བྱེད་མཁན་ཉུང་བ་དང་། དཔྱད་གཞིའི་ཡིག་རིགས་ཁ་ཐོར་ཡིན་པ། ལེགས་སྒྲིག་ཡག་པོ་མ་བྱུང་བ་བཅས་ཀྱི་དབང་གིས་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྱིར་ན་ཤེས་མཁན་མེད། ཀྲའོ་ཧྲུའུ་པིན་གྱིས་བཅར་འདྲི་བྱེད་རིང་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་དུས་ཡུན་རིང་པོའི“གསབ་ཁྲིད”དང“རྒྱུགས་འབུལ་ལམ་བུར”སྐྱོད་འགོ་ཚུགས། ཁོང་གིས་གུང་གསེང་དང་། ངལ་གསོ། ལས་ཐག་བཅད་རྗེས་བཅས་སུ་དུས་ཡུན་རིང་པོར་དེབ་རྙིང་ལྟ་བ་དང་། གནའ་ལམ་དུ་སྐྱོད་པ། རྒན་རྒོན་ལ་བཅར་འདྲི་བཅས་བྱས་ཏེ《བྱང་ཐང་གནའ་ལམ》དང་། 《གདང་ལ》 《ཁྱེད་ཡིད་ཆེས་སམ། ནག་ཆུ》སོགས་ཀྱི་བརྩམས་ཆོས་ཁག་10ལྷག་ཙམ་སྔ་རྗེས་སུ་དཔེ་སྐྲུན་བྱས་པ་དང་། 《ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་དཔེ་ཚོགས》11དང་། 《ནག་ཆུའི་ལོ་རྒྱུས་དང་ས་ཁམས་རིག་པའི་ཚད་ལྡན་ཡིག་ཆའི་དཔེ་ཚོགས》5བཅས་རྩོམ་སྒྲིག་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཞིབ་འཇུག་གི་སྟོང་ཆ་མང་པོ་བསྐངས་ཡོད།

    སེམས་ཀྱི་བརྟེན་སར་གྱུར་པའི་བྱང་ཐང་།

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟླ་བ་ཚེ་རིང་གིས“ཧྲུའུ་པིན་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་དེ་ནི་ཁོང་གིས་གསར་འགྱུར་འབྲི་ཤེས་པ་དང་ཤེས་བྱར་ཞིབ་འཇུག་བྱེད་ཤེས་པ་ཙམ་མིན་པར། ཁོང་གི་གསར་འགྱུར་ལས་དོན་སྤེལ་སྟངས་ནང་ཤེས་བྱར་ཞིབ་འཇུག་བྱེད་པའི་ངང་རྒྱུད་ལྡན་པ་དང་། ཤེས་བྱར་ཞིབ་འཇུག་བྱེད་སྟངས་ནང་གསར་འགྱུར་གྱི་རྩད་འདྲི་བྱེད་སྟངས་འདུས་ཡོད། ཁྱད་ཆོས་དེ་གཉིས་ནི་ཐ་དད་དུ་གྱུར་པ་ཞིག་མིན་པར་ཁོང་གི་གཟུགས་པོའི་ཐོག་གི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད”ཅེས་བརྗོད།

    ཀྲའོ་ཧྲུའུ་པིན་གྱི་ངོས་ནས་བརྗོད་ན། གསར་འགྱུར་གྱིས་རིག་གཞུང་ལ་ཞིབ་འཇུག་བྱ་གཞི་མཁོ་འདོན་ཐུབ་ཀྱི་ཡོད། ཁོང་གིས་བཅར་འདྲི་བྱེད་རིང་རྟོགས་པའི་ས་མིང་དང་། ངག་རྒྱུན། རྗེས་ཤུལ། འགལ་བ་བཅས་ཚང་མ་ཚད་ལྡན་ཡིག་ཆ་སྔོག་འདོན་བྱེད་འགོ་འཛུགས་ས་ཞིག་ཡིན། 2009ལོར་ས་ཚིགས་སུ་བཅའ་སྡོད་ཐེངས་དང་པོ་བྱེད་སྐབས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་བཅིངས་འགྲོལ་དམག་གི་བོད་སྐྱོད་ལམ་བུར་སླར་ཡང་སྐྱོད་པའི་བཅར་འདྲི་ཆེ་གྲས་ནང་ཞུགས་ཤིང་། སྤྱི་ལེ་3000ལྷག་ཙམ་ལ་བརྒྱབ་ཀླུང་བརྒལ་བྱེད་རིང་གནའ་ལམ་དུ་འགྲོ་འོང་དང་། ཚོང་འགྲུལ་རྔ་རྨོང་གི་དྲིལ་སྒྲ། རྒྱལ་ཁབ་ཀྱི་མཐའ་མཚམས་བཅས་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། གསར་འགོད་པའི་ཐོབ་ཐང་ལས་བྱུང་བའི་རྩད་འདྲི་བྱེད་པའི་འདུ་ཤེས་མེད་ན་གནའ་ལམ་དེ་དག་ཁོང་གིས་ནམ་ཡང་རྒྱུད་མངའ་ཐུབ་མི་སྲིད།

    རིག་གཞུང་གིས་གསར་འགྱུར་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་ཟབ་མོ་མཁོ་འདོན་བྱེད་ཀྱི་ཡོད། ཁོང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་རང་སྲོག་བློས་གཏོང་བྱེད་མཁན་གྱི་གསར་འགོད་པ་དང་པོ་ཉིའུ་ཧྲི་ཅུན་གྱི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་བྱས་ནས་བོད་ཀྱི་གསར་འགྱུར་ལོ་རྒྱུས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་ནི་སྟེས་དབང་དུ་ཤེས་རྟོགས་ཐུབ་པ་ཞིག་མིན་པར་དུས་ཡུན་རིང་པོ་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་ལས་ཀ་བྱེད་མཁན་ཞིག་ལ་རྙེད་པའི་ལོ་རྒྱུས་ཀྱི་མྱོང་བ་ཞིག་རེད།

    དགའ་ཞེན་དང་མཐའ་འཁྱོངས་ལ་བརྟེན་ནས་ཀྲའོ་ཧྲུའུ་པིན་གྱིས་གསར་འགོད་པ་ཞིག་གི་ངོས་ནས་འགྱུར་ལྡོག་འགྲོ་བཞིན་པའི་བྱང་ཐང་དུ་བསྐྱོད་པ་དང་། ཞིབ་འཇུག་བྱེད་པར་བརྟེན་ནས་བརྗེད་ངད་དུ་སོང་བའི་བྱང་ཐང་གི་ལོ་རྒྱུས་རྙེད་ཡོད།

    ཀྲའོ་ཧྲུའུ་པིན་གྱི་རྐང་འོག་ཏུ་བྱང་ཐང་གི་ལམ་བུ་ད་དུང་བསྲིང་བཞིན་ཡོད། ཁོང་གིས། རང་ཉིད་ཀྱི་མཐའ་མའི་རེ་བ་ནི་ལེ་དབར་ཁྲི་ཡི་བྱང་ཐང་དུ་རེ་བའི་འབྲས་བཟང་དེ་བས་མང་བ་སྨིན་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།