དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སར་ཆན་ཧྥུའུ་220ཡི་གློག་ཤུགས་མ་ལམ་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-05

    ཉེ་ཆར། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གྲོང་ཤར་གྱི་ཆན་ཧྥུའུ་220ཡི་གློག་སྒྱུར་ལས་གྲྭ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ཏེ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ལས་གྲྭ་དེ་ནི་ལྷ་སས་གློག་དྲ་གཙོ་བོའི་བཀོད་པ་ལེགས་སུ་གཏོང་བ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་གནད་གློག་ཤུགས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན་པས་གྲོང་ཁུལ་གྱི་དམངས་འཚོར་འགན་ལེན་དང་བཟོ་ལས་དང་ཚོང་ལས་འཕེལ་རྒྱས་ལ་བློས་འཁེལ་བའི་གློག་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བས་ས་ཁོངས་ཀྱི་གློག་སྤྱོད་ཐེག་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ནས་སྔར་ཡོད་ཀྱི་གློག་འདོན་དྲ་སྒྲོམ་གྱི་ཐེག་ཚད་ཉིན་བཞིན་ཆེ་རུ་ཕྱིན་ཡོད། ལས་གྲྭ་དེ་གཉེར་སྐྱོང་བྱས་རྗེས་གྲོང་ཤར་ཡུག་ཁུལ་གྱི་ཆན་ཧྥུའུ་220ཡི་གློག་འདོན་གྱི་ཞན་ཆ་ནུས་ལྡན་གསབ་ནས་ད་ཡོད་ཀྱི་གློག་སྒྱུར་ས་ཚུགས་ཀྱི་གློག་འདོན་གྱི་གནོན་ཤུགས་ཁག་བགོས་ཐུབ་པ་དང་། ས་ཁོངས་གློག་འདོན་གྱི་བློས་འཁེལ་རང་བཞིན་དང་གློག་དྲ་ཕན་ཚུན་མཁོ་འདོན་གྱི་འཕྲལ་སྡོམ་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ས་གནས་དེ་གའི་ནུས་གསར་བེད་སྤྱོད་མ་ལག་སྔར་བས་ལེགས་སུ་འགྲོ་བ། ས་མཐོའི་ནུས་གཙང་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་རམ་འདེགས་ཐུབ་པ་བཅས་ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།