དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོར་གཞི་རྩའི་དངུལ་རྩའི་ཞབས་ཞུ་ཁྱབ་ཚད་100%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-05

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ཡན་ལག་དངུལ་ཁང་གིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་དངུལ་ཁང་སྒྲིག་གཞི་ཁག་ལ་ཞིང་འབྲོག་ཁུལ་དུ་དངུལ་རྩའི་ཞབས་ཞུའི་ཐོན་ཁུངས་ཟམ་མི་ཆད་པར་གཤམ་སྤྲོད་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་དངུལ་རྩའི་ཞབས་ཞུའི་སྟོང་ཆ་མུ་མཐུད་གསབ་ཡོད། ཟླ་9པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་དུ་ཞིང་རོགས་དངུལ་ལེན་ཞབས་ཞུའི་ས་ཚིགས་162བཙུགས་པ་དང“ཞིང་གསུམ”དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་23བཙུགས་ནས་རིམ་སྤོར་བྱས་པར་བརྟེན། སྲིད་འཛིན་གྲོང་ཚོར་གཞི་རྩའི་དངུལ་རྩའི་ཞབས་ཞུ་ཁྱབ་ཚད་100%ཟིན་ཡོད་པ་རེད།

    སྒེར་རྩེ་རྫོང་ཤན་ཆེན་ཤང་ས་རྒྱ་ཆེ་ལ་མང་ཚོགས་ཁ་ཐོར་དུ་གནས་ཡོད་པས། ས་གནས་དེ་གའི་མང་ཚོགས་ཀྱིས་བཅོལ་དངུལ་ལེན་པ་དང་། ཞིང་ཕན་ཁ་གསབ་འདྲི་རྩད། ཡིད་རྟོན་དངུལ་བུན་བློ་འདྲི་སོགས་ཀྱི་ལས་སྒོ་གཉེར་སྐབས་ཕར་འགྲོ་ཚུར་འོང་བྱེད་པར་ལམ་ཐག་སྤྱི་ལེ་280ཡོད་པའི་འོ་མ་ལས་གཉེར་ཁང་ངམ་ཡང་ན་རྫོང་གྲོང་གི་ལས་ཚིགས་སུ་སྐྱོད་དགོས་པས་ལས་སྒྲུབ་མ་གནས་ཅུང་མཐོ་པོ་ཡོད། དཀའ་གནད་དེ་ཐག་གཅོད་ཏན་ཏིག་བྱ་ཆེད། ཞིང་ལས་དངུལ་ཁང་སྒེར་རྩེ་རྫོང་ཉིང་ལག་དངུལ་ཁང་གིས་འོ་མ་ལས་གཉེར་ཁང་གི་ཞབས་ཞུ་སྣུར་སྲིང་བྱས་ནས་ད་ལོའི་ཟླ་9ཚེས་30ཉིན་སྒེར་རྩེ་རྫོང་ཤན་ཆེན་ཤང་ཞིང་ཕན་ཞབས་ཞུའི་ས་ཚིགས་དངོས་སུ་བཙུགས་ཡོད། གསར་དུ་བཙུགས་པའི་ཞབས་ཞུའི་ས་ཚིགས་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་རྨང་གཞིའི་རྩིས་སྒྱུར་དང་། གྲོན་འཇལ་ལས་སྒོ། ཞིང་ཕན་ཁ་གསབ་འདྲི་རྩད། ཞིང་དུད་ཀྱི་དངུལ་བུན་བློ་འདྲི་སོགས་དམངས་ཕན་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ།

    གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་9པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་གྱི་ཞིང་རོགས་དངུལ་ལེན་ཞབས་ཞུའི་ས་ཚིགས་ཀྱི་བསྡོམས་རྩིས་བྱེད་ཐེངས་ཁྲི་1.12དང་བསྡོམས་རྩིས་དངུལ་འབོར་སྒོར་ཁྲི་1196.29ཟིན་ནས་ཉོ་ཚོང་བྱེད་མཁན་རྒྱུན་མཐུད་མང་དུ་ཕྱིན་ཡོད་པ་རེད། དེའི་ནང་ལས་སྒོ་འདྲི་རྩད་ཐེངས་ཁྲི་0.39ཟིན་ནས་བསྡོམས་འབོར་གྱི་34.81%བཟུང་བ་དེ་ལས་སྒོའི་རིགས་ཚང་མའི་ཁྲོད་ཨང་དང་པོར་བསླེབས་ཡོད། དངུལ་སྒྱུར་དངུལ་བསྐུར་བྱེད་ཚད་སྒོར་ཁྲི་818.32ཟིན་ནས་བསྡོམས་འབོར་གྱི་68.4%བཟུང་ཞིང་དེ་ནི་ལས་སྒོ་སྣ་ཚོགས་ཁྲོད་ནས་དངུལ་འབོར་གྱི་བསྡུར་ཚད་མཐོ་ཤོས་ཡིན་པ་དང་། དེ་ལས་གཞི་རིམ་གྱི་ཞིང་རོགས་ས་ཚིགས་ཀྱི་ཀུན་ཕན་ཁྱབ་འགྱེད་ནུས་པ་དང་དམངས་ཕན་ཞབས་ཞུའི་ཕན་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་པ་ཐད་ཀར་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།