དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྔར་མེད་གསར་གཏོད་ཀྱི་ཚད་གཞི་མང་པོ་ཞིག་གིས་རྒྱལ་ནང་གི་ལས་རིགས་ཀྱི་སྟོང་ཆ་བསྐངས་པ།

    མཚོ་སྔོན་གྱི་ཚད་ལྡན་ཅན་འཛུགས་སྐྲུན་ལས་ས་མཐོའི་ཁྱད་ལྡན་གྲུབ་འབྲས་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་གི་ཚད་ལྡན་ཉིན་མོ་སྐབས་57པའི་སྐབས་དང་བསྟུན་ནས་ཚད་ལྡན་ཅན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་ནས་བཙན་ཤེད་རང་བཞིན་གྱི་ཚད་གཞི་དྲིལ་བསྒྲགས་ལག་བསྟར་དང་། ཚད་ལྡན་ཅན་གྱི་ཤེས་བྱ“སློབ་གྲྭར་ཁྱབ་གདལ་གཏོང་བ” ཚད་ལྡན་ཅན་གྱི་སྒོ་དབྱེའི་ཉིན་མོ་སོགས་རྣམ་པ་སྣ་ཚོགས་བརྒྱུད། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་དྲིལ་བསྒྲགས་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ཚད་ལྡན་ཅན་གྱི་འདུ་ཤེས་ཟབ་ཏུ་རྒྱུན་མཐུད་བཏང་ཡོད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་བསལ་ལས་འགན་ལ་གཞི་ཚུགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཚད་ལྡན་ཅན་དེ་སྐྱེ་ཁམས་བཅོས་སྐྱོང་ལག་རྩལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཐཱན་གཉིས་འཛུགས་སྐྲུན་དང་། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། རྒྱལ་ཡོངས་སུ《བེད་མེད་འོད་ཤུགས་ལྷུ་ལག་དང་བེད་མེད་རླུང་གློག་འཕྲུལ་ཙུའུ་ཡི་ལྷུ་ལག་སྤྱད་དེ་སྦགས་བཙོག་ཐག་གཅོད་ཚོད་འཛིན་ལག་རྩལ་གྱི་ཁྲིད་སྟོན་སྲོལ་ཡིག》ཐོག་མར་བཏོན་ནས་རྒྱལ་ནང་གི་ནུས་གསར་གྱི་བེད་མེད་ཟོག་རོ་ཐག་གཅོད་ཚད་གཞིའི་སྟོང་ཆ་བསྐངས་ཡོད།

    ཐོན་ལས་ཀྱི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་དམིགས་ནས་མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་དང་ཚད་གཞི་གསར་གཏོད་གཞན་སྒྱུར་གྱི་ཐབས་ལམ་བཏོད་དེ་ཚད་གཞི་ཞིབ་བཟོ་བྱ་རྒྱུ་དེ་ཚན་རྩལ་རྣམ་གྲངས་འཛུགས་པ་དང་། ཞིབ་བཤེར་རྩིས་ལེན་དང་དེ་བཞིན་གོ་མིང་ཞིབ་དཔྱད། ལས་རྗེས་དཔྱད་ཞིབ་བཅས་ཀྱི་ནང་བཅུག་ཡོད། ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཚོགས་པ་ཁག་གཅིག་གི་ཚད་གཞིའི་དམིགས་ཚད་དེ་རྒྱལ་སྤྱི་དང་ལས་རིགས་ཀྱི་ཚད་གཞི་ལས་མཐོ་བ་ཡོད་པར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཚོང་དོན་ཞིབ་བཤེར་རྩིས་ལེན་ལ་ཐད་ཀར་ཞབས་འདེགས་ཞུས་ཡོད། ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་འོད་ཤུགས་དང་། རླུང་གློག ནུས་གསོག་བཅས་ས་བབ་མཐོ་སར་སྤྱོད་པའི་རྒྱལ་སྤྱི་དང་ལས་རིགས་ཀྱི་ཚད་གཞི་བཟོ་བའི་ནང་གཏིང་ཟབ་ཞུགས་པ། རྒྱལ་ཡོངས་སུ་ལྗང་མདོག་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ས་གནས་ཀྱི་ཚད་གཞི་5སྔོན་ལ་བཏོན་པ། ས་མཐོའི་འཕྲུལ་ཆས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་4ཞིབ་བཟོ་བྱས་ནས་ས་བབ་མཐོ་བའི་སྒྲིག་བཀོད་ལག་རྩལ་གྱི་ཞན་ཆ་བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།