མཚོ་སྔོན་དུ་ལྗང་མདོག་ལག་ཁྱེར་ཉོ་ཚོང་བྱེད་ཚད་ཁྲི་1367ལྷག་ཙམ་ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་གློག་ཤུགས་ལག་ཁྱེར(གཤམ་ལ“ལྗང་མདོག་ལག་ཁྱེར”ཞེས་བསྡུ་རྒྱུ)ཉོ་ཚོང་བྱེད་ཚད་ཁྲི་1367ཟིན་པ་དེ་དུས་མཚུངས་ལས་ལྡབ་5འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཉོ་ཚོང་གི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་མཚོ་སྔོན་གྱི་ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་གཉིས་ཀྱི་དམིགས་ཚད་འགྲུབ་པར་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།
མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ལྗང་མདོག་ལག་ཁྱེར་ཁྲི་4074ཉོ་ཚོང་བྱས་ཡོད་ཅིང་། ལྗང་མདོག་བདེན་དཔང་ར་སྤྲོད་དང་ཉོ་སྒྲུབ་ཁས་ལེན་གྱི་ཚ་རླབས་འཕྱུར་བ་ནི་མཚོ་སྔོན་གློག་ཤུགས་ཀུང་སིས་ཁྲོམ་རའི་ཞབས་ཞུ་ལེགས་སུ་མུ་མཐུད་གཏོང་བ་དང་ལམ་སྲོལ་གྱི་འགག་གནད་སེལ་བའི་རང་འགུལ་བྱ་སྤྱོད་ཅིག་རེད། ཉོ་ཚོང་སྒྲིག་འཛུགས་བྱེད་པའི་ཐད་ཁྲོམ་རའི་བྱེད་པོ་ཐོ་འགོད་དང་། ཞུ་ལེན། གཞན་སྒྱུར། ཞིབ་བཤེར་ཐོ་སུབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་སྒོ་ཕྱོགས་ཡོངས་ནས་སྟབས་བདེ་རུ་བཏང་སྟེ། གྲངས་གཞི་མང་ཙམ་སྤྱོད་པ་དང་ཁེ་ལས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་མང་པོ་བྱེད་མི་དགོས་པ་དང་། ཁྲོམ་ར་སྐྱེད་སྲིང་བྱེད་པའི་ཐད་དྲིལ་བསྒྲགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་མང་པོ་མཐུན་སྦྱོར་བྱེད་པའི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་ལམ་སྲོལ་འཛུགས་པ། གློག་ཤུགས་ཁྲོམ་རའི་སློབ་ཁང་ཆེ་མོ་དང་ས་གནས་ས་ཐོག་ཏུ་འདྲི་རྩད་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་སྤྱོད་མཁན་གྱིས་ལྗང་མདོག་ལག་ཁྱེར་གྱི་ཁྲོམ་ར་ཤེས་རྟོགས་ཐུབ་པར་བྱས་ཏེ། ཁྲོམ་རའི་བྱེད་པོ་རྣམས“གཞན་སྐུལ་གྱི་ཉོ་བ”ནས“རང་འགུལ་གྱིས་ཉོ་བར”སྐུལ་སྤེལ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།