དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མ་བཅོས་རྒྱུ་ཆ་ཞ་ཉེ་ནང་འདྲེན་བྱེད་པ་དེ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་འཕར་གཞི་གལ་ཆེན་ཞིག་ཏུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་ཁོངས་གཏོགས་ཀྱི་རྐང་འཛིན་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ནུབ་ཕྱོགས་སྒོ་དབྱེའི་གོ་སྐབས་ཡག་པོ་སྤྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། འགག་རྩའི་མ་བཅོས་རྒྱུ་ཆ་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་བཙོ་སྦྱང་ཐོན་ལས་ཀྱི་མ་བཅོས་རྒྱུ་ཆའི་ཞན་ཆ་བསལ་བས་ཞིང་ཆེན་དེའི་ཕྱི་ཕྱོགས་ཚོང་དོན་ཆག་ཚད་ཆུང་དུ་གཏོང་རྒྱུར་འདེཌ་སྐྱོར་ནུས་ལྡན་ཐུབ་ཡོད། ཉེ་ཆར། འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། མཚོ་སྔོན་ནུབ་གཏེར་ལྕགས་རིགས་ཚད་ཡོད་ཀུང་སིས་ཟླ་དང་པོ་ནས་ཟླ་དགུ་པའི་བར་སྒོར་དུང་ཕྱུར་1.2རི་བའི་མ་བཅོས་རྒྱུ་ཆ་ཞ་ཉེ་ནང་འདྲེན་བྱས་པ་དང་། ནང་འདྲེན་དངུལ་འབོར་ཟླ་དང་པོ་ནས་བརྒྱད་པའི་བར་ལས་26.9%འཕར་ནས་ཞིང་ཆེན་དེའི་གཏེར་ཁའི་ཐོན་རྫས་ནང་འདྲེན་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། མིག་སྔར། ཁེ་ལས་དེས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་པའི་གྲ་སྒྲིག་ཧུར་ཐག་བྱས་ནས་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཚོང་པ་དང་2027ལོ་འཁོར་གྱི་ནང་འདྲེན་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཞིང་ཆེན་ནང་ཁུལ་གྱི་བཙོ་སྦྱང་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བརྟན་དུ་རྒྱུན་མཐུད་བཏང་ནས་ཞིང་ཆེན་དེའི་གཏེར་ཁའི་ཐོན་རྫས་ནང་འདྲེན་གྱི་གཞི་རྩ་བརྟན་དུ་བཏང་ཡོད།

    ནང་འདྲེན་གྱི་འཕེལ་ཕྱོགས་ཟམ་མི་ཆད་པར་ཆེ་རུ་དང་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་བསྐྱར་འཕར་བརྟན་པོ་ཡོང་བའི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་ཆེད། ཞིང་ཆེན་ཚོང་དོན་ཐིང་གིས་འགག་སྒོ་དང་ཁེ་ལས་དང་མཉམ་དུ་ཕྱོགས་གསུམ་དབར་གྱི་སྦྲེལ་མཐུད་ལམ་སྲོལ་བཙུགས་ཏེ་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་གཙོ་བོའི་ཕྱི་ཕྱོགས་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ་གཙོ་གནད་ཁེ་ལས་ཀྱིས་ནང་འདྲེན་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུར་དམ་པོར་དམིགས་ཡོད། “ཁེ་ལས་རེར་སྲིད་ཇུས་རེའི”ཞབས་ཞུའི་འགན་ལེན་ལམ་སྲོལ་དོན་འཁྱོལ་དང་། སྲིད་ཇུས་སྒྲོག་འགྲེལ་དང་རྣམ་གྲངས་རེ་ཞུ་མཛུབ་ཁྲིད་རྒྱུན་རྣམ་ཅན་གྱིས་སྤེལ་བ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཐད་ཀར་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་ལས་སྒོ་ས་ཁོངས་ནས་གཉེར་བ་དང་བསྡོམས་རྩིས་ནང་འཇུག་རྒྱུར་ཁྲིད་སྟོན་བྱེད་པ། ཁེ་ལས་ལ་སྒོ་ཁྲལ་གནས་ཞུ་དང་། ཟོག་འགྲེམས། བསྡོམས་རྩིས་སོགས་ཀྱི་ལྷུ་ཚིགས་གསལ་པོ་བཟོ་རོགས་བྱས་ཏེ་ལས་སྒོ་བསྐྱར་ལོག་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚོང་དོན་ཅུས་ལ་མཛུབ་ཁྲིད་བྱས་ནས་འགག་སྒོའི་ལས་དོན་ས་ཚིགས་བཙུགས་ཏེ་ལས་གཉེར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ལྟ་འདོམས་ཀྱི་ཞབས་ཞུའི་མཐུད་སྣེ་མདུན་ཕྱོགས་སུ་སྤོས་ཏེ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཐོ་འགོད་སྙན་སེང་གི་འགྲོ་ལུགས་གཉེར་བ་དང་། སྲིད་ཇུས་བློ་འདྲི། ལས་སྒོར་མཛུབ་ཁྲིད་སོགས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།