བོད་ལྗོངས་སྦྲ་ཆེན་ཡོམ་ཁུལ་གྱི་ཕྲུ་གུ་ཚོ་ལྷ་སར་བསྐྱོད་པ།


ཉེ་དུས། བོད་ལྗོངས་སྦྲ་ཆེན་གྱི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་དམར་རུ་ཤང་སློབ་ཆུང་དང་གངས་ཆེན་ཤང་སློབ་ཆུང་གི་སློབ་མ་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་སྦྲ་ཆེན་ནས་ལྷ་སར་ཐོན་ཞིང་། ཁོང་ཚོ་ལྷ་སར་ཡོད་པའི་ནག་ཆུ་ཆ་ཚང་སློབ་འབྲིང་དུ་མུ་མཐུད་སློབ་གྲྭར་འགྲོ་རྒྱུ་ཡིན་པ་རེད། ཚེས་1ཉིན་དམར་རུ་ཤང་དང་གངས་ཆེན་ཤང་གི་ལོ་རིམ་ལྔ་པ་དང་དྲུག་པའི་དགེ་སློབ་ཁྱོན་589དམར་རུ་ཤང་ནས་མཉམ་དུ་ཐོན་པ་དང་ཆེད་སྤྱོད་སྐྱེལ་འདྲེན་རླངས་འཁོར་22ཀྱིས་གོ་རིམ་ལྡན་པའི་སྒོ་ནས་བསྐྱལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།