འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི“མཉམ་སྦྲེལ་དྲ་རྒྱའི་འོད་སྣང”དངོས་མང་སྟོན་ཚོགས་འགོ་ཚུགས་པ།
ཚེས་2ཉིན་གྱི་སྔ་དྲོར། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི“མཉམ་སྦྲེལ་དྲ་རྒྱའི་འོད་སྣང”དངོས་མང་སྟོན་ཚོགས་ཀྲེ་ཅང་ཝུའུ་ཀྲེན་དུ་འགོ་ཚུགས་པ་རེད།
2026ལོའི“མཉམ་སྦྲེལ་དྲ་རྒྱའི་འོད་སྣང”དངོས་མང་སྟོན་ཚོགས་ཀྱིས“རིག་ནུས་ཀྱིས་སྦྲེལ་མཐུད་བྱེད། ཤེས་ནུས་ལས་འབྱུང་འགྱུར་མངོན”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་54ཡི་ཁེ་ལས་དང་སྒྲིག་གཞི་671འགྲེམས་སྟོན་ནང་ཞུགས་ཏེ་སྲུང་སྐར་དྲ་སྦྲེལ་དང་། ཚད་རྡུལ་འཕྲིན་གཏོང་། 6G རིག་ནུས་སྐྱེ་མཆེད། དཔེ་དབྱིབས་ཆེན་མོ། གཟུགས་ཅན་རིག་ནུས། དྲ་རྒྱའི་བདེ་འཇགས་བཅོས་སྐྱོང་སོགས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་1000ལྷག་ཙམ་འགྲེམས་སྟོན་དང་ཡོངས་བསྒྲགས་བྱས་པ་རེད། དུས་མཚུངས་སུ་གྲངས་རིག་གི་གསར་གཏོད་ཡོངས་བསྒྲགས་བྱེད་སྒོ་ཐེངས་115དང་ཐོན་ལས་མཉམ་ལས་ཀྱི་འབྲེལ་མཐུད་བྱེད་སྒོ་ཐེངས་10སྤེལ་བ་རེད།
རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན། ཀྲེ་ཅང་ཞིང་ཆེན་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན། འགྲེམས་ཞུགས་ཁེ་ལས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་གྱི་འཐུས་མི་སོགས་ཁྱོན་མི་200ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།