དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི”མིང་ཐོ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-05

    ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི”མིང་ཐོ་ཚེས་2ཉིན་ཁྱབ་བསྒྲགས་བྱས་པ་དང་། གསར་འགྱུར་ལས་དོན་པ་10ལ“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི”མཚན་སྙན་སྤྲད་པ་རེད།

    2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི”མཚན་སྙན་ཐོབ་མཁན་གྱི་གྲས་སུ། མི་དམངས་ཉིན་རེའི་ཚགས་པར་ཁང་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཞུས་ནུའོ་དང་། ཤིན་ཧྭ་གསར་འགྱུར་ཁང་རྒྱལ་ནང་གསར་འགྱུར་རྩོམ་སྒྲིག་པུའི་ཀྲུའུ་ཅི་ཁྲའེ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་གསར་འགྱུར་ལྟེ་གནས་ཀྱི་ལི་ཀྲེང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་ཐོན་ལས་དཔལ་འབྱོར་གསར་འགྱུར་པུའི་ཞུང་ལི། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་སྨྱན་སྦྱོར་གསར་པ་ལྟེ་གནས་ཀྱི་ཞུས་ཕན་དབྱི་རུའུ། ཤིན་ཅིང་ཚགས་པར་ཁང་སྤྱི་ཚོགས་གསར་འགྱུར་ལྟེ་གནས་ཀྱི་ཧན་ཧྥུའུ་ཐའོ། ཁྲང་ཁྲེང་སྨྱན་སྦྱོར་གསར་པ་ཚོགས་པ་སྐབས་དོན་གལ་ཆེའི་གསར་འགྱུར་པུའི་ཀྲང་ཤན། ཅང་སུའུ་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལི་ཀྲི་གསར་འགྱུར་ལྟེ་གནས་ཀྱི་ཅང་ཁྲའོ་ནན། ཅང་ཤིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་གྲོང་ཁྱེར་འཕྲིན་ལམ་གྱི་ཀྲོའུ་ཏུང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནག་ཆུ་གསར་འགོད་པའི་ས་ཚིགས་ཀྱི་ཀྲའོ་ཧྲུའུ་པིན་བཅས་ཚུད་ཡོད།

    ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས། 2026ལོའི“རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི”མཚན་སྙན་ཐོབ་མཁན་གསར་འགྱུར་ལས་དོན་པ་ནི་གསར་འགྱུར་འཐབ་ཕྱོགས་ཀྱིས“འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས”བཅས་ཆེ་རུ་གཏོང་བའི་སྔོན་ཐོན་དཔེ་མཚོན་ཞིག་དང་། རྒྱ་ཆེའི་གསར་འགྱུར་ལས་དོན་པ་གཡུལ་ས་གཙོ་བོར་བསྐྱོད་པ་དང་གཙོ་ཤུགས་དམག་གི་འགན་འཁུར་མཁན་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཞིག་རེད། ཁོང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། གསར་འགྱུར་གྱི་ཕུགས་འདུན། ལས་ཀའི་ཁ་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་། མི་དམངས་ལ་བཅངས་པའི་བརྩེ་སེམས་རྒྱུན་འཁྱོངས་བྱེད་པ། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ། “དྲང་ནུས་དང་། སྤུས་ཚད་མཐོ་བ། དོ་ཁུར་བྱེད་མང་བ”བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ཁག་གཅིག་རྩོམ་འབྲི་བྱེད་པ། གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བའི་ཁྲོད་དུས་རབས་ཀྱི་འགན་འཁྲི་འཁུར་བ་དང་འགན་འཁྲི་ཁུར་སེམས་མངོན་པ་བཅས་བྱས་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་ཡག་ཤོས་བཅུའི”དྲིལ་བསྒྲགས་དང་འདེམས་པའི་དམིགས་ཡུལ་ནི་གསར་འགྱུར་འཐབ་ཕྱོགས་ཀྱི་མངོན་གསལ་དོད་པའི་ལེགས་སྐྱེས་མངོན་པར་བྱེད་པ་དང་། རྒྱ་ཆེའི་གསར་འགྱུར་ལས་དོན་པར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བ། གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་རིམ་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པར་འབད་འཐབ་བྱེད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།