བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་གནང་བ།
ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་ སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་པ།
བློ་མཐུན་ལིའུ་ཡན་ཏུང་ལ་སྙུན་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་ཀྱིས་སྨན་ཁང་དུ་ གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ལིའུ་ཡན་ཏུང་སྐུ་གཤེགས་པར་ཡིད་ཤིན་ ཏུ་སྐྱོ་པོས་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ་རེད།

ཟླ་11ཚེས་3ཉིན། བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་གནང་བ་རེད། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞལ་གྱེས་ཞུ་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ལིའུ་ཡན་ཏུང་གི་གཉེན་ཉེར་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། རང་རེའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་། རང་རྒྱལ་གྱི་སློབ་གསོ་ཚན་རྩལ་དང་། སྨན་བཅོས་འཕྲོད་བསྟེན། བུད་མེད་དང་བྱིས་པའི་ལས་དོན་བཅས་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དེ་སྔའི་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ་བཅས་ཡིན་པའི་བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་ཚེས་3ཉིན་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་གནང་བ་རེད།
བློ་མཐུན་ལིའུ་ཡན་ཏུང་སྙུན་གཞིས་རྐྱེན་པས་2026ལོའི་ཟླ་10ཚེས་28ཉིན་གྱི་ཆུ་ཚོད་14དང་སྐར་མ་53ལ་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་81ཡིན་པ་རེད།
བློ་མཐུན་ལིའུ་ཡན་ཏུང་ལ་སྙུན་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་ཀྱིས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ལིའུ་ཡན་ཏུང་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་པོས་མྱ་ངན་ཞུས་པ་དང་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲི་ཟབ་མོ་གནང་བ་རེད།
ཚེས་3ཉིན་གྱི་སྔ་དྲོར། པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་གི་ཚོགས་ཁང་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་མྱ་ངན་གྱི་རོལ་མོ་ལྷང་ལྷང་དུ་གྲགས། ཚོམས་ཆེན་དབུས་སུ་གཞི་རས་ནག་པོའི་སྟེང“བློ་མཐུན་ལིའུ་ཡན་ཏུང་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ”ཞེས་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དེའི་གཤམ་འོག་ཏུ་བློ་མཐུན་ལིའུ་ཡན་ཏུང་གི་སྐུ་པར་བཀལ་ཡོད་པ་རེད། བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་ཁྲོད་ན་དབེན་པར་གནས་ཤིང་། སྐུ་ལུས་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་དུ་བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་གི་མདུན་དུ་དལ་བུར་ཕེབས་ཏེ་སྒམ་བརླིང་ངང་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་དང་སྦྲགས། བློ་མཐུན་ལིའུ་ཡན་ཏུང་གི་གཉེན་ཉེ་རེ་རེ་བཞིན་ལ་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་བཅར་བའམ་ཡང་ན་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ལིའུ་ཡན་ཏུང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་བཅར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།