“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་དགོས”
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ཏང་གཤིས་ཟབ་ཏུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བའི་རང་བཞིན་གྱི་ལས་འགན་ཞིག་རེད”ཅེས་བཏོན་པ་དང་། “ཏང་གཤིས་ལ་ཞུན་བརྡར་སྤྲོས་པ་ནི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩི་དགོས”ཞེས་བླང་བྱ་བཏོན་པ། “ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།
བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པ་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བར་མཐོང་ཆེན་བྱེད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་ནི་དང་ཐོག་བསམ་བློ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་སྔོན་ཐོན་རང་བཞིན་མཚོན་པ”དང“ང་ཚོ་ལྟ་བུའི་འཛམ་གླིང་ཐོག་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ལ་མཚོན་ན། རིགས་པའི་གཞུང་ལུགས་སྟོབས་དང་ལྡན་ན་གཞི་ནས་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གདེང་ཚོད་ཆེ་བ་བཅས་ཡོང་ཐུབ”ཅེས་གསུངས་པ་རེད།
“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ”ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི“མཐའ་འཁྱོངས་བཅུ་བཞི”ཡི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན། དེས་ཏང་གི་བསམ་བློ་འཛུགས་སྐྱོང་གི་རྩ་བའི་ལས་འགན་གསལ་སྟོན་གཏིང་ཟབ་གནང་ཡོད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ནང་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་འདུས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། རིན་ཐང་དོན་གཉེར། བསམ་བློའི་གནས་ཚད། སྤྱོད་ཚུལ་སྤྱོད་ལམ་བཅས་ཀྱི་བླང་བྱ་ཡང་ཁྱབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཆབ་སྲིད་ཀྱི་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་ཨང་དང་པོར་བཞག་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སྲ་ཞིང་བརྟན་པའི་ཏང་གཤིས་ལ་ཞུན་བརྡར་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་མི་འགྱུར་བའི་ངེས་སྦྱོང་སློབ་ཚན་ཞིག་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་པའི་རྩ་བའི་བླང་བྱ་ཞིག་རེད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་པར་དང་ཐོག་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས།
ཅང་ཤིས་ཀན་ཀྲོའུ་ཡུས་ཏུའུ་གཙང་འགྲམ་གྱི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་རྡོག་ཐོན་གྱི་དྲན་གསོ་ཁང་དུ་ལྟ་སྐོར་བ་མང་པོ་ཡོད།
རི་ཀླུང་བརྒལ་བ་དང་དམག་འཁྲུག་གི་མདེལ་ཆར་བརྒྱུད་ལེ་དབར་ཉིས་ཁྲི་ལྔ་སྟོང་བསྐྱོད་དེ། ཏང་དང་དམར་དམག་གིས་སྟོབས་ཤུགས་གང་ཞིག་ལ་བརྟེན་ནས“རེ་ཐག་ཆད་པའི་གནས་ལས་སླར་ཡང་གསོན་པ་དང་དཀའ་ངལ་ཇི་ཙམ་འཕྲད་པ་དེ་ཙམ་གྱིས་དཔའ་ངར་ཆེ་རུ་ཕྱིན་ནས་མཐར་རྒྱལ་ཁ་ཐོབ་སྟེ་བསམ་ཡུལ་ལས་འདས་པའི་ངོ་མཚར་བཏོད་ཡོད་དམ”
ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་ཏང་གི་ཕུགས་བསམ་དང་དད་སེམས་ཀྱི་དམིགས་ཡུལ་བརྟན་སྲུང་བྱེད་དགོས”ཞེས་གསུངས་པ་རེད།
ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ངེས་པར་དུ་མར་ཁེ་སི་རིང་ལུགས་ལ་གོ་བ་གཏིང་ཟབ་བླངས་པའི་ཐོག་འཛུགས་དགོས་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པའི་ཐོག་འཛུགས་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོ་གུང་ཁྲན་ཏང་མིའི་རྩ་བ་ནི་མར་ཁེ་སི་རིང་ལུགས་ལ་དད་མོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་དད་སེམས། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཡོད་པ་བཅས་ཡིན། ང་ཚོས་བརྟན་ཚུགས་བྱེད་པའི་རྩ་བ་ནི་དད་མོས་དང་། དད་སེམས། ལྷག་བསམ་རྣམ་དག་བཅས་བརྟན་དུ་གཏོང་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཐེངས་9སྤེལ་རྒྱུའི་བཀོད་སྒྲིག་བྱས་ཤིང་། སྤེལ་ཐེངས་ཚང་མར་བསམ་བློའི་སློབ་གསོས་སྣེ་ཁྲིད་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཀྲུང་གོ་གུང་ཁྲན་ཏང་ནི་གང་ཞིག་ཡིན་པ་དང་ལས་ཀ་གང་ཞིག་བྱེད་དགོས་པའི་རྩ་བའི་གནད་དོན་འདི་བློ་ལ་བརྟན་པོར་ངེས་དགོས་པར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞི་བརྟན་བསམ་འཕེལ་དང་ཏང་གཤིས་ལ་ཞུན་བརྡར་སྤྲས་ཏེ་རིགས་ལམ་ངོས་འཛིན་གཅིག་མཐུན་བྱ་རྒྱུ་དེ་དད་སེམས་བརྟན་པོར་འགྱུར་བར་བྱས་ནས་བསམ་བློའི་ཞུན་བརྡར་ཁྲོད་ཏང་གཤིས་ཀྱི་གཞི་རྩ་བརྟན་དུ་བཏང་ཡོད།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་པ་ནི་གཙོ་བོ་དམངས་ལ་བརྩེ་སེམས་ཟབ་མོ་འཆང་རྒྱུར་ཐུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཆེད་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩི་བ་དང་མི་སེར་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ཇི་ཙམ་བསྒྲུབས་པ་དེ་སྲིད་དོན་ལས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་གི་ཡོད”ཅེས་གསུངས་པ་རེད།
མི་དམངས་ཀྱི་ལངས་ཕྱོགས་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་ལངས་ཕྱོགས་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མགོ་ནས་མཇུག་བར་ཁྱབ་པའི་དམར་ཐིག་གཅིག་ཡོད་པ་དེ་ནི་མི་དམངས་གོང་དུ་བཀུར་རྒྱུ་དེ་རེད།
“ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་ཏང་ཞིག”དང“ལས་དོན་སྒྲུབ་ཐུབ་མཁན་ཞིག་དང་ནན་ཏན་ངང་ལས་དོན་སྒྲུབ་མཁན་ཞིག”ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོང་གིས་འོག་ལ་སྣེ་ཁྲིད་གནང་སྟེ་གཞི་རིམ་དང་མང་ཚོགས་ཁྲོད་ཟབ་སྐྱོད་ཐེངས་མང་གནང་ཡོད།
ད་ལོ་ཚུན། པེ་ཅིང་དུ་རྟོག་ཞིབ་གནང་སྐབས། “དམངས་འཚོ་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི”ནན་བཤད་གནང་བ་དང་། ཧྲན་ཏུང་ཏེ་ཀྲོའུ་རུ་ཏང་གི“ཞིང་གསུམ”སྲིད་ཇུས་ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད་མེད་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཧྲང་ཧའེ་རུ་ཧྲང་ཧའེ་གྲོང་ཁྱེར་གྱིས་འཕྲོད་བསྟེན་སྒྲིག་བཀོད་མེད་པའི་སྡོད་ཁང་རྙིང་པའི་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། གྲོང་ཁུལ་རྙིང་པའི་གྲོང་མིའི“ཆབ་ཏོག་བསྟེན་པའི”གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས་པ། ཁུལ་ཆུང་སྒྱུར་བཀོད་བཅས་སྐོར་གྱི་ངོ་སྤྲོད་གསན་པ་སོགས་དམངས་འཚོའི་བདེ་སྡུག་འདྲི་བ་དང་མང་ཚོགས་ཀྱི་བསམ་ཚུལ་གསན་ཏེ“མི་དམངས་གོང་དུ་བཀུར་བའི”བརྩེ་སེམས་ཟབ་མོ་མཚོན་ཡོད།
རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་མི་དམངས་ནི་རྒྱལ་སྲིད་ཡིན། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་འདི་ཉིད་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་གཞི་རྩ་ཡིན།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་པ་ནི་ཞིབ་ཕྲའི་ལག་ལེན་གྱི་མཛུབ་ཁྲིད་ལ་རག་ལུས་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལག་ལེན་ཁྲོད་ཏང་གཤིས་ལ་ཞུན་བརྡར་སྤྲོས་དགོས་པའི”བླང་བྱ་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“སྔར་བས་བློ་ཐག་ཆོད་པོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། སྔར་བས་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ། སྔར་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་དོན་ལས་རྗེས་ལྟ་བ་ཚད་འཇལ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།
ཉེན་སེལ་རྒུད་སྐྱོབ་ཁྲོད་ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་བསྲུངས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་འཐབ་ས་དང་པོར་གྲོང་སྡོད་ཧྲུའུ་ཅི་དང་པོས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ། ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱ་ཡུལ་དུ་ཏང་ཡོན་གདོང་ལེན་རུ་ཁག་གིས་འགག་སྒྲོལ་དཀའ་སེལ་གྱིས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་བཙལ་བ་སོགས་རེད།
རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ་ཏང་གི་སྲོལ་རྒྱུན་བཟང་པོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཏང་གཤིས་གསོ་འཁྱོངས་བྱེད་མཁས་པོ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་རང་འགུལ་ངང་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་པ་དང་དངོས་སྒྲུབ་པ་ཡག་པོ་ཞིག་བཅས་བྱས་ཡོད།
“ནམ་འཚོའི་བར་དུ་སློབ་སྦྱོང་དང་ནམ་འཚོའི་བར་དུ་བློ་སྦྱོང་བྱེད” རྒྱང་ལམ་གསར་པར་ཏང་ཡོན་དང་ལས་བྱེད་པ་ཚང་མས་ཐོས་བསམ་མྱོང་རྟོགས་དང་ལྟ་བསྡུར་དོན་འཁྱོལ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཏིང་ཟབ་དང་སེམས་ལ་ཟུག་པར་བྱས་ཏེ་རང་སྣང་གི་འཇིག་རྟེན་སྒྱུར་བཀོད་བྱེད་པའི“འཚོ་བཅུད”དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི“ལྡེ་མིག”ཏུ་འགྱུར་བར་བྱས་ནས། སྲ་ཞིང་བརྟན་པའི་ཏང་གཤིས་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྲ་ཞིང་བརྟན་པའི་ཏང་གཤིས་ལ་བརྟེན་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་བཞག་སྟེ། བྱ་གཞག་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།