མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་བུད་མེད་ཀྱི“འབྲས་སྐྲན་གཉིས”རིན་མེད་དབྱེ་བཤེར་བྱས་པ།
ཉེ་ཆར། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྩྭ་མདའ་རྫོང་མི་དམངས་སྨན་ཁང་དང་མཉམ་དུ་སྨན་བཅོས་རུ་ཁག་བཙུགས་ཏེ། རྩྭ་མདའ་རྫོང་གི་ཤང་གྲོང་དང་གྲོང་ཚོ་གྲོང་ལྷན་ཁག་ཏུ་བུད་མེད་ཀྱི་མངལ་སྐེའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན་རིན་མེད་དབྱེ་བཤེར་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་སྒོ་འགྲམ་དུ་བདེ་ཐང་ཞབས་འདེགས་ཞུས་པ་རེད།
ད་ཐེངས་ཀྱི་དབྱེ་བཤེར་དེ་རྩྭ་མདའ་རྫོང་གི་ལོ་ཚད་ལོན་པའི་བུད་མེད་ལ་ཕྱོགས་ཤིང་། ཆེད་ལས་སྒྲིག་ཆས་དང་། བདེ་ཐང་བློ་འདྲི། ཉེན་ཁ་གྲལ་བཤེར་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མངོན་མེད་ནད་གཞི་གནད་སྨིན་དབྱེ་འབྱེད་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ལམ་ཡག་པོ་ཡོད་ཅིང་། དང་བླངས་པའི་ངང་རྒྱུད་རིང་པོའི་མཛུབ་ཁྲིད་འོག་བུད་མེད་ཚོས་གོ་རིམ་ལྡན་པའི་ངང་ཆ་འཕྲིན་ཐོ་འགོད་དང་བརྟག་དཔྱད་ཁག་བྱེད་བཞིན་ཡོད། སྨན་དོན་པས་ནད་བརྟག་སྨན་བཅོས་ཞབས་འདེགས་ཞིབ་ཚགས་ཞུས་པ་དང་ཆབས་ཅིག“བདེ་ཐང་གཙོ་ཁྲིད་དགེ་རྒན”གྱི་མིང་ཐོག་ནས་ངོ་ཐུག་གདོང་འཕྲད་ངང་ཚན་རིག་ཁྱབ་གདལ་བཏང་སྟེ། བུད་མེད་ཚན་ཁག་གི་ནད་རིགས་སྔོན་འགོག་གི་གཙོ་གནད་དང་། “འབྲས་སྐྲན་གཉིས”དབྱེ་བཤེར་གྱི་རྒྱུན་ཤེས། “སྔ་ཙམ་སྔོན་འགོག་དང་། སྔ་ཙམ་དབྱེ་བཤེར། སྔ་ཙམ་སྨན་བཅོས”བཅས་ཀྱི་བདེ་ཐང་འདུ་ཤེས་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ནས་བུད་མེད་ཀྱི་ལུས་སེམས་བདེ་ཐང་སྲུང་བའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།