གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ཁུངས་སྤྱི་འདོམས་ལ་སྣེ་ཁྲིད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། སྤུས་རྟགས་གཏོད་པ་དང་། དམངས་བདེ་དམངས་ཕན། མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད།
སྤུས་རྟགས་ནི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་སྟོབས་ཤུགས་ཡིན། བསམ་གྲུབ་རྩེ་ཆུས་ཀྱིས་ཏང་འཛུགས་སྐྱོང་དང་གསར་གཏོད་ཟུང་དུ་འབྲེལ་བའི་ཐབས་ལམ་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྱོང་དང་མཉམ་འབྲེལ་འཛུགས་སྐྲུན་ལ་བརྟེན་ནས་ཆིང་ཏའོ་ཡི་བོད་སྐྱོར་ཐོན་ཁུངས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་བ། མངོན་མིན་རིག་གནས་ཤུལ་བཞག་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་རིག་གནས་དང་ཡུལ་སྐོར་གྱི་ཚོང་འགུགས་འོས་སྦྱོར་སོགས་ཀྱི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་ཁྲོམ་ར་མཉམ་གཏོད་དང་རིག་གནས་མཉམ་འདྲེས་ཡོང་བར་བྱས་ཏེ་རིམ་པ་ཁ་གསལ་དང་ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་མ་ལག་བསྐྲུན་ཡོད།
མཉམ་འདྲེས་ནི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་ཐབས་ལམ་ཞིག་རེད། བསམ་གྲུབ་རྩེ་ཆུས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ནས་རྟེན་མཛོད་ཁང་འབྲེལ་ཐག་ཏུ་བྱས་ཏེ་རིག་གནས་ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་འདེབས་འཛུགས་དང་། ལས་སྣོན། འགྲེམས་སྟོན། ཉམས་ལེན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་སྦྲེལ་བའི་ནས་ཀྱི་རིག་གནས་ཐོན་ལས་མ་ལག་བསྐྲུན་ནས་རིག་གནས་བརྒྱུད་སྤེལ་དང་ཐོན་ལས་འཕེལ་རྒྱས་ཡོང་བར་བྱས་ཡོད།
རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ནི་དམངས་ཕན་ཡིན། བསམ་གྲུབ་རྩེ་ཆུས་ཀྱིས་རིག་གནས་ཐོན་རྫས་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག“བཞི་སྤེལ”དང་དེ་བཞིན་ཟློས་གར་གྲོང་གསེབ་ཏུ་འཁྲབ་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་དམངས་ཕན་གྱི“མཐའ་མའི་འགག་གནད”བསལ་བ་རེད།
འབྲེལ་ཡོད་གསར་འགྱུར།