ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས།
བེད་མེད་ས་ཆ་གང་ལེགས་སྤྱད་ནས་ཁྱད་ལྡན་སྔོ་ཚལ་འདེབས་འཛུགས་ལ་སྐུལ་འདེད་བཏང་བ།

འདི་ནི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས་དུས་ཚིགས་རང་བཞིན་གྱི་བེད་མེད་ས་ཆ་སྤྱད་ནས་བཏབ་པའི་མ་རྨོས་ལོ་ཏོག་ཡིན་པ།
ད་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས་ས་ཆ་བེད་སྤྱོད་ཡག་པོ་མི་ཐུབ་པ་དང་དུས་ཚིགས་རང་བཞིན་གྱི་བེད་མེད་དུ་ལུས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ས་ཁོངས་ཡོངས་སུ་ཁྱད་ལྡན་སྔོ་ཚལ་ཚོད་ལྟ་འདེབས་འཛུགས་བྱེད་པར་སྐུལ་འདེད་བཏང་བ་རེད།
དུས་ཡུན་རིང་པོའི་ནང་། སྲོལ་རྒྱུན་གྱི་བསམ་བློ་དང་རྨོ་འདེབས་གོམས་གཤིས་ཀྱི་ཚོད་འཛིན་ཐེབས་པའི་དབང་གིས་འགྲོ་བ་དགོན་གྲོང་རྡལ་གྱི་གྲོང་ཚོ་ཁག་ཏུ་ཞིང་མཐའི་ས་ཞིང་ཐར་ཐོར་དུ་ལུས་པ་དང་། རྨོ་ཞིང་དུས་ཚིགས་རང་བཞིན་གྱི་བེད་མེད་དུ་ལུས་པ། རགས་ལས་འདེབས་འཛུགས་སོགས་ཀྱི་སྣང་ཚུལ་མང་པོ་ཐོན་ནས་ས་ཞིང་བསྐྱར་འདེབས་བྱེད་ཚད་མཐོ་པོ་མེད་པ་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐུབ་མེད། གནད་དོན་དེ་དག་ལ་དམིགས་ཏེ་འགྲོ་བ་དགོན་གྲོང་རྡལ་ཏང་ཨུད་ཀྱིས“ཞིང་བཟང་མུའུ་གཅིག”གི་མཉམ་ལས་ཁང་ལ་བརྟེན་ནས་གྲོང་རྡལ་ཡོངས་ཀྱི་བེད་མེད་དུ་ལུས་པ་དང་ཐོན་འབབ་དམའ་བའི་རྨོ་ཞིང་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བེད་སྤྱོད་དང་། སྲོལ་རྒྱུན་གྱི་རགས་ལས་རྨོ་འདེབས་བྱེད་སྟངས་དོར་བ། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ། སྔ་སྨིན་བར་སྨིན་ཕྱི་སྨིན་གྱི་ཚལ་རིགས་ཚན་རིག་དང་མཐུན་པའི་ངང་སྡེབ་སྒྲིག་བྱས་ནས་རེས་མོས་འདེབས་གསོ། ས་ཞིང་དུས་བཞིར་རེས་འཁོར་འདེབས་པ། བེད་མེད་དུ་ལུས་པའི་ས་ཆའི་ཐོན་ཁུངས་གང་ལེགས་སྤྱོད་པ་བཅས་བྱས་ནས་བེད་མེད་ས་ཞིང་མང་ཚོགས་ཀྱི་འབབ་འཕར་ཐོན་ཁུངས་ལ་འགྱུར་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།