དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམར་རུ་དང་གངས་ཆེན་ཤང་གཉིས་ཀྱི་གནས་སྤོས་བཀོད་སྒྲིག་བྱེད་དགོས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྤོས་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-04

    གསར་འགོད་པས་སྦྲ་ཆེན་རྫོང་དམར་རུ་ཤང་དང་གངས་ཆེན་ཤང་གི་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་བར་བརྒལ་གྱི་སྒྲིག་ཁང་གྲལ་སྟར་འགྲིག་པ་དང་། དུ་ཁུང་དང་། སྒོ་དང་སྒེའུ་ཁུང་། གློག་སྒྲོན་བཅས་ཀྱི་སྒྲིག་བཀོད་ལེ་ལག་ཆ་ཚང་བ། ཁང་པའི་ནང་མེ་ཚ་སོབ་སོབ་བཏང་བ་དང་གཞི་རྩའི་འཚོ་བའི་དངོས་ཟོག་གོ་རིམ་ལྡན་པའི་ངང་བསྒྲིགས་ཡོད་པ། བཀོད་སྒྲིག་བྱ་ཡུལ་གོ་རིམ་ལྡན་པ་བཅས་ཡོད་པ་མཐོང་བྱུང་། ཟླ་11ཚེས་1ཉིན་གྱི་ཆུ་ཚོད་12བར་ཤང་གཉིས་ཀྱི་བར་བརྒལ་བཀོད་སྒྲིག་གི་སྒྲིག་ཁང་ཚང་མ་བརྒྱབ་ཟིན་པ་དང་། གནས་སྤོས་བཀོད་སྒྲིག་བྱེད་དགོས་པའི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་སྤོས་ཟིན་ཡོད།

    ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་དམར་རུ་ཤང་དང་གངས་ཆེན་ཤང་གི་མང་ཚོགས་ཀྱི་སྡོད་ཁང་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད། གནོད་འཚེ་ཐོན་རྗེས་ས་གནས་དེ་གས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་ཨར་ལས་དང་། ལས་བྱེད་པ། དངོས་ཟོག་སོགས་མགྱོགས་མྱུར་སྤྱི་འདོམས་བྱས་ནས་གནས་སྤོས་བཀོད་སྒྲིག་དང་སྒྲིག་ཁང་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་གནས་སྐབས་སྡོད་གནས་སུ་གང་མགྱོགས་སྤོ་ཐུབ་པའི་བརྩོན་ལེན་བྱས་པ་རེད། མིག་སྔར། བཀོད་སྒྲིག་བྱ་ཡུལ་དུ་འབྲས་དང་། གྲོ་ཞིབ། སྣུམ། འཐུང་ཆུ། གྲང་འགོག་ཉལ་ཆས། ལྕགས་ཐབ་སོགས་གཞི་རྩའི་འཚོ་བའི་དངོས་ཟོག་བཀོད་སྒྲིག་བྱས་པ་ཚང་མ་དམིགས་སར་འབྱོར་བ་དང་། མེ་ཟོན་བདེ་འཇགས་སྐོར་ཞིབ་དང་། སྨན་བཅོས་འཕྲོད་བསྟེན་ལས་རེས། ཁོར་ཡུག་དུག་སེལ་སོགས་ལེ་ལག་ཚང་བའི་འགན་ལེན་དུས་གཅིག་ཏུ་དོན་འཁྱོལ་བྱུང་བ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་བློས་འགེལ་ཆོག་པའི་འགན་ལེན་བྱུང་བ། གེགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་པོའི་ངང་སླར་གསོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།