ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།
གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ལྟ་འདོམས་བྱས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྟ་འདོམས་ཀྱི་འགན་འཁྲི་རྒྱུན་མཐུད་ནན་དུ་བཏང་ནས་དྲ་ཐོག་ཏུ་དྲིལ་བསྒྲགས་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་དྲ་ཕྱིར་སྐོར་ཞིབ་ཟམ་མི་ཆད་པར་བྱེད་པ་གཉིས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལྟ་འདོམས་ལས་དོན་ཏན་ཏིག་སྤེལ་ཏེ་ཁྲོམ་རའི་བདེ་འཇགས་དང་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་20ལྷག་ཙམ་ལ་ཞིབ་བཤེར་བྱས་པར་རིགས་6གི་གནད་དོན་ཁག་14གྲལ་བཤེར་ཐུབ་ཡོད་པ་རེད། དེའི་ནང་ཚོང་གཉེར་ལག་ཁྱེར་མ་སྟོན་པ་དང་གློག་སྒུལ་སྦག་སྦག་ལ་མཇུག་སྒམ་བསྒར་ནས་བཟོ་བཅོས་ཅུང་ཟད་བརྒྱབ་པ་སོགས་རིགས་གཉིས་ཀྱི་གནད་དོན་ཁག་5གཉེར་སྐྱོང་བྱེད་པོས་འཕྲལ་མར་དག་ཐེར་བྱ་རྒྱུར་སྒྲུབ་སྐུལ་བྱས་ཡོད། ཚོང་ཁང་གི་སྒོ་བྱང་དང་ལས་གཉེར་ལག་ཁྱེར་གཅིག་པ་མིན་པ་དང་ཟོག་འཐེན་དང་ཕྱིར་ཚོང་གི་རྩིས་ཐོ་ཚད་ལྡན་མེད་པ་སོགས་རིགས་གཉིས་ཀྱི་གནད་དོན་ཁག་6ལ་དམིགས་ཏེ་ཁྲིམས་ལྟར་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་སྟེ། ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས་ཁོངས་གཏོགས་ཀྱི་ཁྲོམ་རའི་ཁོར་ཡུག་བདེ་འཇགས་དང་། བརྟན་ལྷིང་། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།