དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་དུས་ཚིགས་བཞི་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-04

    ཉེ་ཆར། ལྗོངས་ཡོངས་ཀྱི་དུས་ཚིགས་བཞི་པའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ། ལས་དོན་ལ་ཕྱོགས་སྡོམ། དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལས་ཞུགས་གཞན་སྒྱུར་དང་། ཐོན་ལས་གཉེར་སྐྱོང་། སྲིད་ཇུས་དོན་འཁྱོལ་བཅས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཞིང་འབྲོག་པའི་འབབ་འཕར་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ། ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ལས་ཀྱི་སྤུས་ནུས་ལ་ཤུགས་བརྒྱབ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། གནད་སྨིན་རོགས་སྐྱོར་བྱེད་ཐབས། དཔྱད་ཞིབ་དཔྱད་དཔོག་ཡག་པོ་བཅས་བྱས་ཏེ་དབུལ་ལོག་གི་མཐའ་ཚད་བརྟན་སྲུང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཞིང་ནང་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། ས་རྒྱུ་ཡོངས་བཤེར་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་ཤུགས་བརྒྱབ་སྟེ་རྨང་གཞི་བརྟན་དུ་གཏོང་དགོས་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། དོགས་ཟོན་དང་ཁ་གཏད་གཅོག་པ། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅས་ལ་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེ་སྔོན་འགོག་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པ། ད་ལོའི་ལས་དོན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ལོའི་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱེད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་གནད་སྨིན་གྱིས་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།