མང་ཚོགས་ཁྲོད་དུ་བསྐྱོད་ནས་ཞབས་འདེགས་ཞུ། ལས་དོན་སེམས་ལ་གཏིང་ཟབ་ཟུག་པར་བྱེད།
—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
གྲོལ་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། དེས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཟབ་སྦྱོང་གསལ་རྟོགས་བྱེད་པར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས། བསམ་བློ་སྔར་བས་གཅིག་གྱུར་དང་། ཐེག་པ་ཁུར་ལེན། བྱས་རྗེས་འཇོག་པ། ཏང་གི་རྩ་འཛུགས་མ་ལག་སྟོབས་ཆེར་གཏོང་བ། ཉམས་སད་ཐེག་ཐུབ་པའི་ཏང་ཡོན་དཔུང་ཁག་གཏོད་པ་བཅས་བྱས་ནས། ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་དག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ཕྱོད་ཆེན་པོར་རྒྱུན་ཆད་མེད་པར་བསྒྱུར་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཚང་འཛོམས་གྲོས་ཚོགས་ཐོག་ཏང་གཤིས་ཤུགས་ཆེར་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན་ཞེས་བསྟན་ཡོད། “ཏང་ཡོན་ཞིག་གི་ངོས་ནས་ཏང་གཤིས་བློ་སྦྱོང་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ཏེ་ཚད་གཞི་དེ་བས་ནན་པོའི་སྒོ་ནས་རང་ཉིད་ལ་རེ་བ་འདོན་པ་དང་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཕྱོགས་སུ་ལངས་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་བྱ་བ་དངོས་རེ་རེའི་ཐོག་དོན་འཁྱོལ་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་གྲོང་གསར་གྱི་ཚན་རྩལ་ཆེད་བསྐོས་པ་དབྱངས་སྐྱིད་ཀྱིས་བཤད།
བདེ་སྐྱིད་གྲོང་གསར་སྡེ་ཁུལ་གྱི་ཏང་ཡོན་གྱིས་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་། དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དུད་ཚང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་ཀྱི་ཡོད་ཅིང་། མང་ཚོགས་ལ་ལས་ཞུགས་ཀྱི་འདོད་བློ་ཡོད་ན་དུད་ཚང་རེ་རེ་བཞིན་ལས་གནས་འབྲེལ་མཐུད་བྱེད་པ་དང་། སྨན་པ་བསྟེན་དཀའ་བ་དང་བུ་ཕྲུག་སློབ་གྲྭར་སྐྱོད་པའི་ཐད་དཀའ་ངལ་ཡོད་པ་སོགས་ཀྱི་གནད་དོན་འཕྲད་ཚེ་སྐབས་འཕྲལ་རོགས་སྐྱོབ་དང་དཀའ་སེལ་རོགས་སྐྱོབ་རེ་ཞུ་བྱས་ནས། ལས་དོན་རེ་རེ་བཞིན་ཞིབ་བསྡུར་དང་རེ་རེ་བཞིན་རྗེས་སྙེག་བྱེད་ཀྱི་ཡོད། “མང་ཚོགས་ཁྲོད་བསྐྱོད་ནས་ཞབས་འདེགས་ཞུ་བ་དང་ལས་དོན་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་དགོས”ཞེས་དབྱངས་སྐྱིད་ཀྱིས་བཤད།
“ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཡུང་ཧུའེ་ཡིས་བཤད།
ལེགས་པོའི་སུར་པན་དང་རི་མཐོའི་ཇ་ལོ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་སླད་མོན་པ་མི་རིགས་ཤང་གི་ཏང་ཡོན་གྱིས་སྣེ་ཁྲིད་དེ་འབབ་འཕར་གྱི་ཐབས་ལམ་འཚོལ་བ་དང་། འདེབས་འཛུགས་གཡོག་བྱེད་དང་ཉི་སྐམ་གསོག་ཉར་གྱི་ལག་རྩལ་དང་ཐོན་རྫས་ཕྱིར་ཚོང་བྱེད་ཐབས་རང་འགུལ་ངང་སློབ་སྦྱོང་བྱས་ཏེ་ཉེ་འཁོར་གྱི་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་ཡོད། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་འོག་མང་ཚོགས་ཀྱིས་ཚོགས་པ་བསྒྲིགས་ནས་འཕེལ་རྒྱས་བཏང་བས། དེ་སྔའི་ཁ་ཐོར་འདེབས་འཛུགས་དང་། ཁེར་ཚོང་། ཡོང་འབབ་བརྟན་པོ་མེད་པ་བཅས་ཀྱི་གནས་ཚུལ་ལ་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་སུ་དང་ཚོང་ལམ་ཇེ་ཡངས་སུ་ཕྱིན་ཡོད།
ལི་ཡུང་ཧུའེ་ཡིས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་གི་ཕན་འབྲས་མུ་མཐུད་བརྟན་དུ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བཅས་བྱས་ནས། སྤུས་ཚད་མཐོ་བའི་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ཏེ་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་བཤད།
ཚང་འཛོམས་གྲོས་ཚོགས་ཐོག དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་བསྐྱོད་པ་དང་། སྙིང་རུས་འདོར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། “མཐའ་མཚམས་མི་དམངས་ཉེན་རྟོག་པའི་ངོས་ནས་བརྗོད་ན། ཏང་གཤིས་དོན་ཆུང་ནས་མངོན་པ་དང་དགོངས་དོན་གྲོང་ཚོར་དོན་འཁྱོལ་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཐོག་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་དང་མང་ཚོགས་ཀྱི་བདེ་སྐྱིད་སྲུང་སྐྱོང་བྱེད་དགོས”ཞེས་ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཀའོ་ཆི་ལེ་ཡིས་བཤད།
ལོ་བདུན་གྱི་རིང་། ཀའོ་ཆི་ལེ་དང་ཁོང་གི་ལས་རོགས་ཚོས་སྔ་བར་ཕྱི་གསུམ་དུ་ས་གནས་དེ་གའི་ལོ་བརྒྱད་ཅུར་སླེབས་པའི་མི་ཧྲེང་རྒན་རྒོན་སྒྲོན་དཀར་ལ་ཞིབ་ཚགས་པོས་ལྟ་རྟོག་བྱེད་ཀྱི་ཡོད། ཁོང་ཚོས་རྟག་ཏུ་རྒན་རྒོན་གྱི་ཁྱིམ་དུ་འཚམས་འདྲིར་བསྐྱོད་དེ་ཁོང་གི་བདེ་སྡུག་ལ་རྒྱུན་དུ་ནས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད།
མཐའ་མཚམས་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་ཀའོ་ཆི་ལེ་ཡིས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ལྐོག་གྱུར་ཙམ་གཏན་ནས་མིན་པར། ཏང་གིས་དམངས་ཆེད་ལས་དོན་སྒྲུབ་པའི་དམིགས་ཡུལ་བརྟན་སྲུང་དང་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་མཐའ་མཚམས་སྲུང་བར་མངོན་པ་དང་། མཐའ་མཚམས་སུ་སྐོར་གཡེང་བྱེད་པའི་ལམ་བར་ལ་དོན་འཁྱོལ་བྱེད་པ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་འབྲལ་མེད་མཉམ་གནས་ཀྱི་ལག་ལེན་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།