གངས་བཤངས་ནས་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ།

འདི་ནི་མངའ་རིས་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱི་ལས་དོན་པས་གངས་བཤངས་ནས་ལམ་ཤར་གཏོང་བྱས་པ།

འདི་ནི་མངའ་རིས་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱི་ལས་དོན་པས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་ལ་འབུད་རྒྱག་གཏོང་བཞིན་པ།(པར་འདི་གཉིས་ནི་མངའ་རིས་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཀྱིས་མཁོ་འདོན་བྱས)
གངས་ཆེན་པོ་བབས་པར་ཁ་གཏད་གཅོག་པའི་རེས་སྐོར་དེའི་འཕྲལ་སྡོམ་ལས་དོན་ཁྲོད། མངའ་རིས་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཀྱིས་སྔ་ཙམ་བཀོད་སྒྲིག་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་བདག་སྐྱོང་དུམ་བུ་ཁག་གི་གཞུང་ལམ་ཤར་གཏོང་དཔུང་ཁག་གིས་ཉིན་མཚན་དབྱེར་མེད་ངང་འཐབ་ས་དང་པོ་བརྟན་སྲུང་བྱས་ནས། གངས་ཆེན་པོ་བབས་པའི་གནས་ཚུལ་ལ་གཞིགས་ཏེ་དུས་ཐོག་ཏུ་གངས་བཤངས་ནས་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།