གཏན་འབེབས་གསར་པ་འདི་དག་ང་ཚོའི་འཚོ་བ་དང་འབྲེལ་བ་ཧ་ཅང་ཆེན་པོ་འདུག
“གློག་སྒུལ་རྐང་འཁོར་རེ་ལ་གློག་རྫས་རེ་དང་གློག་གསོག་རེ་རྩ་གཉིས་ཨང་རྟགས་རེ”བཅས་ཀྱི་3Cཡི་ཁས་ལེན་དཔང་འདོན་གྱི་བླང་བྱ་ནན་དུ་བཏང་བ།
ཟླ་11པའི་ཚེས་1ཉིན་ནས་བཟུང་། གློག་སྒུལ་རྐང་འཁོར་གྱི་3Cཡི་ཁས་ལེན་དཔང་འདོན་གྱི་གཏན་འབེབས་གསར་པ་ལག་བསྟར་བྱས་ཏེ། “གློག་སྒུལ་རྐང་འཁོར་རེ་ལ་གློག་རྫས་རེ་དང་གློག་གསོག་རེ་རྩ་གཉིས་ཨང་རྟགས་རེ”བཅས་དགོས་པའི་བླང་བྱ་ནན་པོ་བཏོན་པ་དང་། ཁེ་ལས་ཀྱིས་གློག་སྒུལ་རྐང་འཁོར་བཟོ་གྲྭ་ནས་ཐོན་སྐྱེད་བྱེད་སྐབས་དགོས་ངེས་ཀྱི་ལྷུ་ལག་ངེས་པར་དུ་ཚང་སྤྲོད་དགོས་པ། གློག་སྒུལ་རྐང་འཁོར་བཟོ་གྲྭ་ནས་ཐོན་སྐྱེད་བྱེད་དུས་ཚང་མར་གཅིག་གྱུར་གྱི་ལག་ཁྱེར་ཡོད་དགོས་པ་དང་ལག་ཁྱེར་གྱི་ནང་དོན་གློག་སྒུལ་རྐང་འཁོར་ཐོ་འགོད་ཀྱི་བླང་བྱ་དང་ཡོངས་སུ་མཐུན་དགོས་པའི་བླང་བྱ་བཏོན་ཡོད།
སྐུད་ཡོད་རླུང་འཕྲིན་བརྙན་འཕྲིན་སོགས་ཁ་ཕྱེ་མ་ཐག་ཏུ་བརྡ་ཁྱབ་བཏང་མི་ཆོག
《སྐུད་ཡོད་རླུང་འཕྲིན་བརྙན་འཕྲིན་གཉེར་སྐྱོང་ཞབས་ཞུའི་དོ་དམ་གཏན་འབེབས》དང《སྣོལ་རེས་རྣམ་པའི་དྲ་རྒྱའི་བརྙན་འཕྲིན་གཉེར་སྐྱོང་ཞབས་ཞུའི་དོ་དམ་གནས་སྐབས་ལག་བསྟར་གཏན་འབེབས》ཟླ་བ་11པའི་ཚེས་27ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། བརྙན་འཕྲིན་ཁ་ཕྱེ་མ་ཐག་བརྡ་ཁྱབ་བཏང་མི་ཆོག་པ་དང་། བརྙན་འཕྲིན་གྱི་གཙོ་ངོས་སུ་རིན་མེད་ཆེད་ཁུལ་འཛུགས་དགོས་པ་མ་ཟད། རིན་བསྡུའི་ལེ་ཚན་གྱི་གྲངས་འབོར་ཇེ་ཉུང་དུ་གཏོང་བ། བརྙན་འཕྲིན་ཁ་འབྱེད་པའི་དུས་ཡུན་ཐུང་དུ་གཏོང་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།
སློབ་ཁང་གི་དཀར་ཆ་དང་གློག་སྒྲོན་གྱི་ཚད་གཞི་གསར་པ་བཏོན་པ།
《སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་ནང་གི་དཀར་ཆ་དང་གློག་སྒྲོན་འཕྲོད་བསྟེན་གྱི་ཚད་གཞི》ཟླ་11པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཏེ། སློབ་ཁང་ནང་གི་ཤེལ་ཏོག་ལ་ཁེབས་གཅོད་སོགས་བསྒར་དགོས་པ་ལས་གློག་འོད་ཐད་ཀར་སློབ་མའི་མིག་ལ་མི་ཕོག་པ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། སློབ་ཁང་གི་ཤེལ་ཏོག་དང་སློབ་མའི་ཅོག་ཙེའི་བར་གྱི་བར་ཐག་སྨི་1.7ལས་ཐུང་མི་རུང་། སྐས་རིམ་སློབ་ཁང་ལ་མཚོན་ན། མདུན་ཕྱོགས་སུ་བསྒར་བའི་ཤེལ་ཏོག་གི་འོད་རྒྱབ་གྲལ་གྱི་སློབ་མས་མི་མཐོང་བའམ་ཐད་ཀར་མིག་ལ་མི་ཕོག་པ་བྱེད་དགོས། རླུང་གཡབ་ཡོད་པའི་སློབ་ཁང་དུ། ཤེལ་ཏོག་རླུང་གཡབ་ལས་དམའ་བ་བསྒར་དགོས།
འབྲེལ་ཡོད་གསར་འགྱུར།