ཤིན་ཅང་ཝུའུ་སུའུ་གྲོང་ཁྱེར་དུ་བསིལ་ཁང་གྲོས་བསྡུར་གྱིས་དམངས་ཀྱི་དཀའ་ངལ་བསལ་བ།

ཉེ་བའི་ལོ་ཤས་རིང་། ཤིན་ཅང་ཝུའུ་སུའུ་གྲོང་ཁྱེར་གྱི་སྡེ་ཁུལ་ཁག་གིས་གྲོས་དོན་བསིལ་ཁང་དང་གྲོས་དོན་ཁང་སོགས་གྲོས་མོལ་བྱ་ཡུལ་དུ་གྲོས་མོལ་བྱེད་སྒོ་སྤེལ་ནས་དམངས་ཀྱི་རེ་འདུན་ཉན་པ་དང་། འགལ་བ་སེལ་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བསལ་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་བཏང་སྟེ་གྲོང་མི་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད་པ་རེད།
འདི་ནི་ཤིན་ཅང་ཝུའུ་སུའུ་གྲོང་ཁྱེར་ཧུང་ཆའོ་ཁྲོམ་གཞུང་ཞི་བདེ་ལམ་སྡེ་ཁུལ་གྱིས“སེམས་སྒྲིལ་ཞི་བདེའི་གྲོས་དོན་ཁང”ཞེས་པའི་གྲོས་དོན་བསིལ་ཁང་ནང་དུ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་། སྡེ་ཁུལ་གྱི་ཏང་ཡོན། གྲོང་མི་མང་ཚོགས། སྡེ་ལས་ཀྱི་འཐུས་མི་བཅས་ཀྱིས་གཞི་རིམ་བཅོས་སྐྱོང་དང་དམངས་འཚོ་འགན་སྲུང་ལས་དོན་སོགས་ལ་གྲོས་བསྡུར་བྱས་པ།
འབྲེལ་ཡོད་གསར་འགྱུར།