དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་སྲིད་པུའུ་སོགས་ཀྱིས།

    དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་གི་ཞབས་ཞུ་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-03

    གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུའུ་དང་། རྒྱལ་ཡོངས་རྒན་རྒོན་གཞུང་དོན་ཁང་། ཀྲུང་གོ་རྒན་རྒོན་མཐུན་ཚོགས་བཅས་ཀྱིས《དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་ཞབས་ཞུ་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཧྲེང་སྡོད་དང་། ཚང་སྟོང་། གཞིས་ལུས་བཅས་ཀྱི་ལོ་ན་མཐོ་བ་དང་ནུས་པ་ཤོར་བ་སོགས་བདེ་འཇགས་ཀྱི་ཉེན་ཁ་ཅུང་ཆེ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གཙོ་གནད་ཞབས་འདེགས་ཞུ་ཡུལ་ལ་བརྩིས་ནས་གཟའ་འཁོར་གཉིས་རེར་ཉུང་མཐར་ཡང་འཚམས་འདྲི་ཐེངས་རེ་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་འཚམས་འདྲི་བྱེད་ཐེངས་མང་དུ་གཏོང་དགོས་ལུགས་ཁ་གསལ་བཏོན་ཡོད།

    བརྡ་ཐོའི་ནང་བཏོན་དོན། རྒྱུན་གཏན་གྱི་འཚམས་འདྲི་བྱེད་སྐབས་དུད་ཚང་དུ་སྐྱོད་པ་དང་། ཁ་པར་ནས་འབྲེལ་བ་བྱེད་པ། བརྙན་ལམ་ཁ་པར་རྒྱག་པ། རྒྱང་ཁྲིད་རིག་ནུས་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱད་དེ་རང་འགུལ་ངང་བདེ་ཐང་ཡིན་མིན་ལ་སེམས་ཁུར་བྱས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས། ཁྱིམ་སྡོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཉེན་ཁར་ཡིད་གཟབ་དང་བདེ་འཇགས་ལ་དོ་སྣང་བྱ་རྒྱུའི་དྲན་སྐུལ་ཡག་པོ་བྱེད་དགོས། འཚམས་འདྲི་དང་གཅེས་སྐྱོང་བྱ་ཡུལ་རང་ངོས་ཀྱི་འདོད་བློ་དང་རྒན་གསོའི་ཞབས་ཞུའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་དུས་ཐོག་ཏུ་སྦྲེལ་མཐུད་བྱེད་དགོས། ཞབས་ཞུ་གཞན་དག་དང་འབྲེལ་བ་ཡོད་རིགས་འབྲེལ་ཡོད་རྩ་འཛུགས་ལ་གཞན་སྒྱུར་བྱེད་པར་གཞོགས་འདེགས་ཧུར་ཐག་བྱེད་དགོས། ཞབས་ཞུའི་འཚམས་ལན་ཞུས་ནས་ཞབས་ཞུའི་ལས་དོན་སྤེལ་ཚུལ་ཁོང་དུ་ཆུད་པར་བྱས་ཏེ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།