དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་མངའ་རིས་ས་ཁུལ་གྱི“ཞང་ཞུང་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    ཉེ་ཆར། 2026ལོའི་མངའ་རིས་ས་ཁུལ་གྱི“ཞང་ཞུང་བུམ་པའི”སྐྱེས་པའི་མི་བཅུ་གཅིག་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སེང་གེ་ཁ་འབབ་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད། ད་རེས་ཀྱི་འགྲན་བསྡུར་ནི་མངའ་རིས་ས་ཁུལ་སློབ་གསོ(ལུས་རྩལ)ཅུས་ཀྱིས་གཙོ་གཉེར་བྱས་པ་དང་རྫོང་བདུན་གྱི་སློབ་གསོ(ལུས་རྩལ)ཅུས་ཀྱིས་གཉེར་རོགས་བྱས་ཤིང་། རྫོང་དང་ལས་ཁུངས་ཁག་དང་དེ་བཞིན་སྤྱི་ཚོགས་ཀྱི་རང་མོས་སུ་གྲུབ་པའི་རུ་ཁག་ནས་ཡོང་བའི་འཐུས་མིའི་རུ་ཁག་18འགྲན་བསྡུར་ལ་ཞུགས་ཡོད། འགྲན་བསྡུར་དེ་ཟླ་11ཚེས་4ཉིན་བར་རྒྱུན་མཐུད་དེ་སྤེལ་རྒྱུ་རེད།

    ད་རེས་ཀྱི་འགྲན་བསྡུར་ཐོག་ཚོགས་ཆུང་ཁག་བགོས་ཀྱི་རེས་འཁོར་འགྲན་བསྡུར་དང་། གྲལ་འབུད་འགྲན་བསྡུར། མཐའ་བསྡུར་བཅས་ཀྱི་འགྲན་སྲོལ་སྤྱད་ཡོད་པ་དང་། འགྲན་བསྡུར་ཧྲིལ་པོའི་སྐར་མ་90ཡི་ནང་། རུ་ཁག་ཁག་གིས་རྩལ་འགྲན་གྱི་ཆུ་ཚད་གང་ལེགས་ངོམ་རྒྱུ་ཡིན་ཞིང་། རྗེས་མཐུད་ཀྱི་འཁྲུག་ཆ་དོད་པའི་འགྲན་བསྡུར་ཁག་སེང་གེ་ཁ་འབབ་ལུས་རྩལ་ཐང་དང་མངའ་རིས་ས་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་གཅིག་རྗེས་གཉིས་མཐུད་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།