དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མཁའ་འགྲུལ་གྱི་2026ལོའི་དགུན་དཔྱིད་གཉིས་ཀྱི་མཁའ་འགྲུལ་དུས་ཚིགས་གསར་པ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    ཉེ་ཆར། གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་25ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དགུན་དཔྱིད་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་དངོས་སུ་ལག་བསྟར་བྱས་ཡོད། བོད་ལྗོངས་མཁའ་འགྲུལ་གྱི་མཁའ་འགྲུལ་དུས་ཚིགས་གསར་པས་མཁའ་ལམ་115འཆར་འགོད་བྱེད་རྩིས་ཡོད་པ་དེ་དག་ལམ་ཚིགས་70ལ་ཁྱབ་རྒྱུ་ཡིན་པ་དང་། མཁའ་ལམ་15གསར་འབྱེད་དང་སླར་གསོ་བྱེད་རྒྱུ་དང་། ཁྲང་ཏེ་དང་། ཐེང་ཁྲུང་། ལན་ཚང་བཅས་ལམ་ཚིགས་3གསར་སྣོན་བྱ་རྒྱུ། ཞག་སྡོད་སྐྱེལ་འདྲེན་བྱེད་ནུས་གནམ་ཐང་11བར་རྒྱ་སྐྱེད་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་ཁྲང་ཀྲོའུ་དང་། ཁུན་མིང་། ཤིས་ཧྲོང་པན་ན་བཅས་ཞག་སྡོད་ལམ་ཚིགས་3མང་དུ་ཕྱིན་ནས་ལྷ་སའི་གནམ་ཐང་དུ་ཞག་སྡོད་ཀྱི་སྐྱེལ་འདྲེན་གནམ་གྲུ་14ཟིན་ཡོད།

    དགུན་དཔྱིད་དུས་ཚིགས་སུ་མཐོང་ཚད་ཐུང་བ་དང་ཁ་བ་བུ་ཡུག་འཚུབ་པ་སོགས་ས་མཐོ་ཚད་མཐོའི་དཔེ་མཚོན་གྱི་སྐྱེལ་འདྲེན་ཉེན་ཁར་དམིགས་ནས། བོད་ལྗོངས་མཁའ་འགྲུལ་གྱིས་ཆེད་དོན་འགན་ལེན་ཇུས་གཞི་ལག་བསྟར་མུ་མཐུད་བྱས་ཏེ་གསར་དུ་བཙུགས་པའི་གནམ་ཐང་དང་གསར་འཕར་གྱི་ཞག་སྡོད་ས་ཚིགས་ལ་དགུན་དུས་སྐྱེལ་འདྲེན་ཉེན་ཁའི་ཚོད་སྐོར་བྱས་ནས་གནམ་གྲུའི་ལས་བྱ་དང་། མཁའ་འགྲུལ་ལས་དོན། འཕྲལ་སྡོམ་བཀོད་སྒྲིག་དཔྱད་ཞིབ་སོགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་མཐོ་ཡང་མཐོའི་དམིགས་བསལ་གནམ་ཐང་གི་སྐྱེལ་འདྲེན་ཚད་གཞི་དེ“ལས་མི་ཚང་མའི་འཇོན་ཐང་ཚད་ལོན་པ་དང་དུས་གཏན་གནམ་གྲུ་ཚང་མ་ཚོད་འཛིན་ཐུབ་པའི”འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།