དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ཐག་རིང་ཤང་དང་གྲོང་རྡལ་གྱི་སློབ་མར་གཙང་གླས་རླངས་འཁོར་གྱི་ཞབས་ཞུ་ཚོད་ལྟ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཞབས་ཞུའི་རྣམ་པ་གསར་པ་སྤྱད་ནས་ཐག་རིང་ཤང་དང་གྲོང་རྡལ་གྱི་སློབ་མར་གཙང་གླས་རླངས་འཁོར་གྱི་ཞབས་ཞུ་ཚོད་ལྟ་བྱས་ཤིང་། མངགས་བཟོ་ཅན་དང་། ཚད་ལྡན་ཅན། ཟླུམ་འཁོར་ཧྲིལ་པོའི་སློབ་སྲུང་འགན་ལེན་བརྒྱུད། གྲོང་གསེབ་སློབ་མའི་ཕྱིར་སྐྱོད་ཀྱི་དཀའ་གནད་ནུས་ལྡན་སེལ་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཚོད་ལྟ་བྱེད་རིང་། ཤང་དང་གྲོང་རྡལ་གྱི་སློབ་མའི་ཕྱིར་སྐྱོད་ཀྱི་དགོས་མཁོར་དམ་པོར་གཞིགས་ནས་ཆེད་སྤྱོད་འགན་སྲུང་རླངས་འཁོར་7སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་118ལ་ཆེད་དམིགས་སྐྱེལ་བསུའི་ཞབས་འདེགས་ཞུས་ཡོད། ཕྱིར་སྐྱོད་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་ཆེད། འགན་སྲུང་རླངས་འཁོར་ཚང་མར་སྲུང་ཐག་དང་། འཕྲལ་སྤྱོད་ཐོ་བ། མྱུར་སྐྱོབ་ཐུམ་སྒྲིལ་སོགས་བདེ་འཇགས་སྒྲིག་བཀོད་ཚང་མ་བཀོད་སྒྲིག་བྱས་པ་དང་། རླངས་འཁོར་གྱི་ལག་རྩལ་ཞིབ་དཔྱད་ཚད་ལེན་དང་བདེ་འཇགས་སྲུང་སྐྱོང་བཅས་དུས་བཀག་ལྟར་བྱས་ནས། འབྱུང་རྩ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མ་ཐོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།