དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་གྲོང་ཁུལ་དུ་ཟླ་བཅུ་གཅིག་པ་ནས་དྲོད་རླངས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    གསར་འགོད་པར་རི་བོ་ཆེ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རི་བོ་ཆེ་རྫོང་གིས་དྲོད་རླངས་མཁོ་འདོན་སྒྲིག་བཀོད་སྙོམས་སྒྲིག་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། 2026ལོའི་ཟླ་11ཚེས་1ཉིན་ནས་བཟུང་ཆུ་ཚོད་24ཡི་རིང་དྲོད་རླངས་རྒྱུན་ཆད་མེད་པར་བཏང་སྟེ་གྲོང་ཁུལ་གྱི་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།

    དགུན་དཔྱིད་གཉིས་པོའི་དྲོད་རླངས་གཏོང་བའི་འགན་ལེན་ལས་དོན་ཏན་ཏིག་ཡག་པོ་བསྒྲུབ་ཆེད། རི་བོ་ཆེ་རྫོང་གིས་དྲོད་རླངས་གཏོང་སའི་མདོང་ལམ་དྲ་བ་གཙོ་བོ་དང་། ཚ་དྲོད་བརྗེ་སའི་ས་ཚིགས། མདོང་ལམ་དྲ་བ་བཅས་ཀྱི་མཇུག་སྣེར་ཆུ་བཏང་ནས་དྲོད་རླངས་གཏོང་སའི་མདོང་ལམ་ནས་ཆུ་དོན་མིན་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས། དྲོད་རླངས་མཁོ་འདོན་སྒྲིག་བཀོད་བདེ་འཇགས་དང་བློས་འགེལ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    ད་ཐེངས་ཀྱི་དྲོད་རླངས་རི་བོ་ཆེ་རྫོང་གི་གྲོང་ཁུལ་གྱི་ལས་ཤག་དང་། ལས་ཁུངས། བྱ་གཞག་ཚན་པ། སྨན་ཁང་། རྒན་གསོ་ཁང་། སློབ་གྲྭ དངུལ་ཁང་སོགས་ལ་གཏོང་རྒྱུ་དང་། དྲོད་རླངས་ཀྱི་ཁེབས་ཚད་སྨི་ངོས་གྲུ་ཁྲི་20ཟིན་པ་དང་མི་8300ལ་ཕན་པ་ཐོབ་རྒྱུ་དང་། རིན་བསྡུའི་ཚད་གཞི་ནི་དྲོད་རླངས་གཏོང་བའི་དུས་ཚིགས་རིང་སྨི་ངོས་གྲུ་རེར་སྒོར་40ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།