ལག་རྩལ་བྱང་ཆུབ་པ་སྦྱངས་ནས་གངས་ལྗོངས་ཀྱི་མཁའ་དབྱིངས་སྲུང་སྐྱོང་བྱེད་པ།

ཉེ་ཆར། 2026ལོའི་ཀྲུང་གོའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་བོད་རང་སྐྱོང་ལྗོངས་ཀྱི་མཁའ་འགྲུལ་ཡོ་བྱད་ཕྱི་རོལ་བདག་སྐྱོང་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་བྱས་པ་རེད།
དེ་ནི་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལས་དོན་གྱི་ཉམས་བཟོའི་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་དེ་ཡིན་པ་དང་། དེའི་དམིགས་ཡུལ་ནི་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་ལས་དོན་གྱི་རྐང་འཛིན་པར་ལག་རྩལ་ཐད་ཕན་ཚུན་གྲོས་བསྡུར་ཞིབ་འཇུག་དང་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་ཡར་རྒྱས་ཀྱི་ལས་སྟེགས་ཤིག་བསྐྲུན་ཆེད་རེད།
འདི་ནི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོའི་ས་ཡུལ་དངོས་ཡིན་པ།
འབྲེལ་ཡོད་གསར་འགྱུར།