དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱང་ཐག་རིང་ཤོས་ཀྱི་བཀོད་སྒྲིག་བྱ་ཡུལ་ནས“རྒྱལ་ཁབ་རུ་ཁག”གི་འགན་སེམས་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    འདི་ནི་སྦྲ་ཆེན་རྫོང་གངས་ཆེན་ཤང་བྱེ་ཐང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་ཡིན་པ།

    སྦྲ་ཆེན་རྫོང་གངས་ཆེན་ཤང་བྱེ་ཐང་གྲོང་ཚོའི་རི་མཐོ་ཞིང་ལུང་གཞུང་ཕུ་ཐག་རིང་བ་དང་། འགྲོ་ལམ་ཕྲ་ལ་གུག་ཆ་མང་པོ་ཡོད་ཅིང་། ལམ་དུམ་མང་པོར་འཁོར་རིགས་རྐྱང་པ་ཐར་ཙམ་ལས་མེད། ཨར་ལས་འཁོར་རིགས་ཆེ་གྲས་སྐྱོད་པར་དེ་བས་དཀའ་ཚེགས་ཆེ། དེས་ན་ཨར་ལས་རྒྱུ་ཆ་དབོར་འདྲེན་ལ་དཀའ་ངལ་བཟོས་ཡོད།

    ཡོམ་ཁུལ་དུ་ཁ་བ་འབབ་ཉེར་ཡོད་པས་གནས་དེ་གར་ཁ་བ་བུ་ཡུག་ལ་ཁ་གཏད་གཅོག་པའི་ལས་དོན་སྤེལ་འགོ་ཚུགས།

    རོགས་སྐྱོབ་མི་སྣ་ཚང་མས་གལ་སྲིད་སྒྲིག་ཁང་ཁ་བ་ཆེན་པོ་མ་འབབ་གོང་རྒྱག་མ་ཐུབ་ཚེ། མི་སེར་གྱི་འཚོ་བར་དཀའ་ངལ་འཕྲད་སྲིད་པའི་སེམས་ཁྲལ་ཡང་སེ་སེམས་ལ་འཁོར་གྱི་ཡོད།

    “སྒྲིག་ཁང་67ནི་ཟླ་10ཚེས་29ཉིན་ཡོངས་སུ་བརྒྱབ་ཚར་བའི་འགན་ལེན་བྱེད་དགོས་ལ་ང་ཚོར་གདེང་ཚོད་ཀྱང་ཡོད” ནག་ཆུ་གྲོང་ཁྱེར་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཡེ་ཤེས་ཀྱིས་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་མངགས་གཏོང་ལྟར་བྱེ་ཐང་གྲོང་ཚོར་བཅའ་སྡོད་བྱས་པ་རེད།

    བྱེ་ཐང་གྲོང་ཚོ་ནི་སྒྲིག་ཁང་བཀོད་སྒྲིག་བྱ་ཡུལ་གྲས་ཀྱི་གནས་ཡུལ་རྒྱང་ཐག་རིང་ཤོས་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་ཤོས་ཀྱི་གྲོང་ཚོ་ཞིག་རེད། ཡོམ་འགོག་གེགས་སེལ་གྱི“རྒྱལ་ཁབ་རུ་ཁག”གི་ལས་ཕྱོད་ལ་ཞིབ་བཤེར་བྱེད་པའི་དཀའ་ས་ཞིག་ཀྱང་རེད།

    ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀུང་སི་དང་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སི་གཉིས་ཀྱི་གཞུང་ཁོངས་ཁེ་ལས་དཔུང་ཁག་གིས་ལས་འགན་གལ་ཆེན་དེ་ཁུར་ཡོད།

    བྱེ་ཐང་གྲོང་ཚོའི་དཀའ་ངལ་དང་པོ་ནི་འགྲོ་ལམ་གྱི་ཐད་ན་ཡོད་ཅིང་། རླངས་འཁོར་ཆེ་གྲས་དེ་གར་སྐྱོད་མི་ཐུབ་པས་སྐྱེལ་འདྲེན་རླངས་འཁོར་ཆུང་གྲས་ལ་བརྟེན་ནས་རིམ་པ་བཞིན་དབོར་འདྲེན་བྱེད་དགོས་ཤིང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སིའི་རྒྱལ་ལམ་109པའི་གོར་གོང་ཡན་ལག་པུའུ་བཞི་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅང་ཞའོ་ཏུང་གིས་རྩིས་ཤིག་བརྒྱབ་པ་སྟེ། དམར་རུ་ཤང་གི་ཕྱོགས་སུ་དངོས་ཟོག་ཐེངས་གཅིག་དབོར་བར་ལམ་བར་ཆུ་ཚོད་གསུམ་ནས་བཞི་བར་འགྲོ་དགོས་པ་དང་། སྒྲིག་ཁང་གི་རྒྱུ་ཆ་ད་དུང་གནས་ཡུལ་མི་འདྲ་བར་ཁ་བཀྲམ་ནས་འཇོག་དགོས། ཕྱོགས་རྐྱང་པའི་འགྲོ་ལམ་དང་ཀྱོག་ལམ་མང་པོ་ཡོད་པ་མ་ཟད། རི་སྟེང་ནས་སྐབས་འགར་རྡོ་ཟགས་པ་དང་ཡོམ་འཕྲོ་རྒྱུན་ཆད་མེད་པར་ཐོན་ནས་ལམ་རྒྱུད་ཀྱི་རི་ལྡེབས་ཉེན་ཁའི་གནས་སུ་གྱུར་ཡོད། “འགྲོ་ཞོར་དུ་ལྟ་ཞིབ་ཞིབ་མོ་བྱས་ནས་མྱུར་དུ་བརྒྱུད་དགོས”ཞེས་ཁོང་གིས་བཤད།

    སྐྱེལ་འདྲེན་ཐད་ཀྱི་དཀའ་ངལ་གྱིས་ཐད་ཀར་སྒྲིག་སྦྱོར་གྱི་མྱུར་ཚད་ལ་འགོག་རྐྱེན་བཟོས་ཤིང་། ཟླ་10ཚེས་28ཉིན་བྱེ་ཐང་གྲོང་ཚོར་སྒྲིག་ཁང་40འབྱོར་བ་དང་དེ་མིན་གྱི་སྒྲིག་ཁང་27ཟླ་10ཚེས་29ཉིན་འབྱོར་བ་རེད། ཟླ་10ཚེས་28ཉིན་གྱི་ཞོགས་པར། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་མངའ་རིས་རྣམ་གྲངས་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅང་ཁྲེང་ལིན་གྱིས་སྒྲིག་སྦྱོར་བཟོ་པ་10ཁྲིད་དེ་གངས་ཆེན་ཤང་ལ་སྐྱ་གྲོང་ཚོ་ནས་ཡོང་ཞིང་། “ཞོགས་པའི་ཆུ་ཚོད་10པ་ཙམ་ལ་འབྱོར་བ་དང་ཉིན་གུང་ངལ་མ་གསོས་པར་ཨར་ལས་ཀྱི་གྲ་སྒྲིག་བྱེད་འགོ་ཚུགས་པ་རེད” ཁོང་གི་ཡིད་ལ་འཁོར་བ་ནི་གནམ་གཤིས་སྔོན་བརྡའི་ནང“ཉེ་དུས་གངས་ཆེན་འབབ་སྲིད”ཅེས་པ་དང“མི་སེར་རྣམས་སྔ་ཙམ་སྡོད་དུ་འཇུག་དགོས་པས་མཚམས་འཇོག་མི་རུང”ཞེས་པ་དེ་རེད།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་དཔུང་ཁག་ནི་ས་ཡོམ་བརྒྱབ་རྗེས་མངའ་རིས་ནས་རླངས་འཁོར་བཏང་སྟེ་ཆུ་ཚོད་24ཡི་རིང་མཚན་འགྲུལ་བརྒྱབ་ནས་ཡོང་བ་ཡིན་ལ། རོགས་སྐྱོར་བྱེད་དུ་ཡོང་བའི་ལམ་ཐག་རིང་ཤོས་རེད། བརྡ་ཐོ་འབྱོར་རྗེས་ཅང་ཁྲེང་ལིན་དང་ལས་རོགས་ཚོ་འཕྲལ་དུ་གེགས་ཁུལ་དུ་སླེབས། “ཉིན་མཚན་གཅིག་ལ་ཆུ་ཚོད་བཞི་ལྔ་ཙམ་ཉལ་ན་བཟོད་ཐུབ་ཀྱི་འདུག་གམ”ཞེས་འདྲི་སྐབས། ཁོང་གིས“སྣང་དག་མི་འདུག མི་སེར་ཚོས་སྔ་ཙམ་གནས་སྡོད་ཐུབ་རྒྱུར་སྒུག་པ་མཐོང་ན་བཟོད་བསྲན་བྱེད་ཐུབ། སྒྲིག་ཁང་སྔ་ཙམ་བསྐྲུན་ནས་ཚང་མ་བདེ་འཇགས་ཡོང་བར་བྱ་རྒྱུ་ནི་གལ་ཆེ་ཤོས་ཡིན”ཞེས་ལན་བཏབ།

    སྒྲིག་ཁང་གི་རྒྱུ་ཆ་བླུགས་པའི་རླངས་འཁོར་མཐའ་མ་དེ་ཉིན་གུང་མ་ཟིན་ཙམ་ལ་བྱེ་ཐང་གྲོང་ཚོར་འབྱོར་བ་དང་། ཨར་ལས་མི་སྣས་ལམ་སེང་ཁང་པ་བསྒྲིགས་ནས་དུ་ཁུང་ཕྱི་ལ་བཏོན་པའི་ཚེ། གངས་ཆེན་ཤང་བྱེ་ཐང་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་ཁ་བ་བུ་ཡུག་མ་འཚུབ་གོང་དྲོད་ཁང་ཡོད་པ་མཚོན་པ་མ་ཟད། “རྒྱལ་ཁབ་རུ་ཁག”ཅེས་པའི་གོ་དོན་ཡང་སླེབས་དཀའ་ཤོས་ཀྱི“མཐའ་མའི་འགག་གནད”དུ་དེ་བས་བཀྲག་མདངས་འཚེར་བར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།