དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་སྐད་ཡིག་གི་AIསྐད་སྒྱུར་དེ་རྩིས་རྒྱག་དཔེ་དབྱིབས་ནས་དངོས་ཚན་གྱི་མཐའ་སྣེར་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    ཉེ་ཆར། བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་ཧྲེན་ཀྲེན་དུ་DeepZangཞེས་པའི་བོད་སྐད་ཡིག་གི་རིག་ནུས་སྐད་སྒྱུར་རྣམ་གྲངས་ཀྱི་མཁྲེཌ་ཆས་ཞིབ་འཇུག་གསར་སྤེལ་དང་། དཔེ་མཚོན་ཐོན་སྐྱེད་ཚོད་ལྟ། མཉེན་ཆས་དང་མཁྲེགས་ཆས་མཉམ་སྒྲིག་བཅས་ཀྱི་ལས་དོན་ལ་གཅིག་སྡུད་ཐོག་སྐུལ་འདེད་བཏང་བ་ལས་རང་ལྗོངས་ཀྱི་རང་བརྟེན་ཚོད་འཛིན་ཐུབ་པའི་བོད་སྐད་ཡིག་གི་རིག་ནུས་ལག་རྩལ་དེ་རིགས་པའི་གཞུང་ལུགས་ཀྱི་རྩིས་ཐབས་ཞིབ་འཇུག་གསར་སྤེལ་ནས་དངོས་ཚན་མཐའ་སྣེའི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

    ཤེས་རྟོཌ་བྱུང་བར་གཞིཌ་ན། DeepZangནི་གོ་ལ་ཧྲིལ་པོའི་བོད་སྐད་ཡིག་གི་དཔེ་དབྱིབས་ཆེ་མོ་ཐོག་མ་དེ་རེད་ལ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་གྲུབ་ཆའི་རྣམ་པའི་མི་ཐབས་རིག་ནུས་རྩིས་ཐབས་དང་དཔེ་དབྱིབས“ཐོ་འགོད་སྙན་སེང་གཉིས”ཀྱི་བོད་སྐད་ཡིག་གི་རིག་ནུས་དཔེ་དབྱིབས་ཐོག་མ་དེའང་ཡིན་ཞིང་། འཐུས་སྒོ་ཚང་བའི་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་མང་པོའི་རིག་ནུས་སྤེལ་རེས་ནུས་པར་བརྟེན་ནས་སྦྲེལ་ཐག་ཧྲིལ་པོའི་རང་བརྟེན་ཚོད་འཛིན་ཐུབ་པའི་ལྟེ་བའི་ལག་རྩལ་མ་ལག་བསྐྲུན་ཏེ་བོད་སྐད་ཡིག་གི་རིག་ནུས་ཞབས་ཞུའི་ལག་རྩལ་གྱི་བཀག་རྒྱ་གཏོར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ལྷ་སའི་སྲིད་དོན་ཞབས་ཞུ་དང་། རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ། གཞི་རིམ་གྱི་དམངས་ཕན་སྐར་ཁུང་བཅས་སུ་གཞི་ཁྱོན་ཅན་གྱི་དཔེ་སྟོན་ཚོད་ལྟ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།