དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གེགས་ཁུལ་གྱི་འབྲོག་པ་ཚང་མ་སྒྲིག་ཁང་ནང་དུ་སྤོས་ཟིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-02

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་11ཚེས་1ཉིན་གྱི་ཆུ་ཚོད་12ཏག་ཏག་བར། ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་སྦྲ་ཆེན་རྫོང་གི་དམར་རུ་ཤང་དང་གངས་ཆེན་ཤང་གི་འབྲོག་པ་མང་ཚོགས་གནས་སྐབས་སྡོད་སའི་སྒྲིག་ཁང་བརྒྱབ་ཟིན་ནས། གནས་སྤོས་བཀོད་སྒྲིག་བྱེད་དགོས་པ་ཚང་མ་སྤོས་ཟིན་པ་རེད།

    འབྲོག་པ་མང་ཚོགས་སྒྲིག་ཁང་ནང་དུ་གང་མགྱོགས་སྤོ་ཐུབ་པར་བྱ་ཆེད། ཉིན་ཤས་བསྟུད་མར་ཨར་པོ་བས་དྲོད་ཚད་དམའ་བ་དང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་སྒྲིག་ཁང་བརྒྱབ་པ་མ་ཟད། སྒྲིག་ཁང་ལ་དུ་ཁུང་བཏོན་པ་དང་གློག་ཁྲིད་པ་སོགས་ལས་དོན་མཐའ་དག་ཚགས་སུ་ཚུད་པ་བྱས་ཡོད། ས་གནས་དེ་གའི་ལས་བྱེད་པས་ཀྱང་དུད་ཚང་རེ་རེ་བཞིན་ལ་གྲལ་བཤེར་བྱས་ནས་མི་གཅིག་ཀྱང་མི་ལུས་པ་དང་དུད་ཚང་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་པ་རེད། མིག་སྔར་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཐུབ་ནས་ཐོན་སྐྱེད་དང་འཚོ་བ་སྔར་མུས་ལྟར་སླར་གསོ་བྱས་དང་བྱེད་མུས་ཡིན་པ་རེད། 




    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།