སྦྲ་ཆེན་རྫོང་གི་དགེ་སློབ་589ལྷ་སར་འབྱོར་འདུག
ཟླ་11ཚེས་1ཉིན་གྱི་དགོང་མོར་སྦྲ་ཆེན་རྫོང་གི་ས་ཡོམ་རྒྱག་ཁུལ་ནས་ལྷ་སར་སློབ་འགོ་བསྐྱར་ཚུགས་སུ་ཡོང་མཁན་ཁག་དང་པོའི་དགེ་སློབ་589ལྷ་སར་འབྱོར་བ་ལས་ཁོང་ཚོ་སློབ་འགོ་བསྐྱར་ཚུགས་ཀྱི་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས་པ་མཚོན་གྱི་ཡོད།



ད་རེས་ཀྱི་ས་ཡོམ་གྱིས་སྦྲ་ཆེན་རྫོང་གི་དམར་རུ་ཤང་དང་གངས་ཆེན་ཤང་གི་སློབ་ཆུང་གི་སློབ་ཁང་དང་ཉལ་ཁང་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད། ཆེད་ལས་ཀྱི་ཚོད་སྐོར་བྱས་པ་བརྒྱུད། གནས་སྐབས་ས་ཆ་དེ་རང་དུ་སློབ་འགོ་བསྐྱར་ཚུགས་ཀྱི་ཆ་རྐྱེན་འཛོམས་མེད།
“གནོད་འཚེའི་རྐྱེན་གྱིས་ཕྲུ་གུ་གཅིག་ཀྱང་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པའི”མཐའ་ཚད་མཐའ་གཅིག་ཏུ་སྲུང་ཆེད། ནག་ཆུ་གྲོང་ཁྱེར་འབྲེལ་ཡོད་སྡེ་ཚན་གྱིས་སྔོན་ནས་སྤྱི་འདོམས་དང་འབྲེལ་མཐུད་གནད་སྨིན་གྱིས་ཤང་དེ་གཉིས་ཀྱི་དགེ་སློབ་ས་ཆ་གཞན་དུ་སློབ་འགོ་བསྐྱར་ཚུགས་བྱེད་པའི་ལས་དོན་ལ་གོ་རིམ་ལྡན་པའི་སྐུལ་འདེད་བཏང་སྟེ། གེགས་ཁུལ་གྱི་སློབ་གྲྭར་འགྲོ་བཞིན་པའི་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བའི་འགན་ལེན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ས་ཆ་གཞན་དུ་སློབ་འགོ་བསྐྱར་ཚུགས་ལ་སྐྱོད་མཁན་དགེ་སློབ་1584ཡོད་པའི་ནང་སློབ་མ་1495དང་དགེ་རྒན་89ཡོད་པ་རེད།



བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་ཆེད། ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་མཛུབ་ཁྲིད་འོག ལྷ་ས་ནག་ཆུ་ཆ་ཚང་སློབ་འབྲིང་གིས་སློབ་མའི་ཁ་གྲངས་དང་། ལོ་རིམ། སློབ་ཚན་བཅས་ཀྱི་གནས་ཚུལ་སྔོན་ཚུད་ནས་ཤེས་རྟོགས་བྱས་ཏེ། སློབ་ཁང་དང་། ཉལ་ཁང་། ཟ་ཁང་བཀོད་སྒྲིག་བྱས་པ་མ་ཟད། བསླབ་གཞི་དང་། ཡིག་ཆས། ཉལ་ཆས། ཁྲུས་ཆས་སོགས་ཀྱང་གྲ་སྒྲིག་བྱས་ཡོད། གཞན་ཡང་སེམས་ཁམས་སློབ་གསོའི་དགེ་རྒན་བཀོད་སྒྲིག་བྱས་ནས་སློབ་མ་སློབ་གྲྭར་འབྱོར་རྗེས་དུས་ཐོག་ཏུ་སློབ་འགོ་འཛུགས་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།


འབྲེལ་ཡོད་གསར་འགྱུར།