དབུ་ཤོག
  • གངས་ཆེན་པོ་མུ་མཐུད་འབབ་པ་འདུག དོ་སྣང་གནང་རོགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-02

    ཟླ་11ཚེས་1ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་11ཚེས་1ནས་10ཉིན་བར། རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ་དང་། ཤར་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ་འབབ་རྒྱུ། ཉིན་7གྱི་རྗེས་ཆར་ཤུགས་ཆེ་རུ་འགྲོ་རྒྱུ་དང་། དེའི་ནང་ཉིང་ཁྲི་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། ལྷ་སའི་ཤར་རྒྱུད་དང་བྱང་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་དང་ནུབ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་ལ་ཉིན་དགུང་ཡོལ་རྗེས་ཐོལ་རླུང་རིམ་པ་4ཡས་མས་འཚུབ་རྒྱུ་རེད།

    གནམ་གཤིས་སྟོན་ཚུལ་གཙོ་བོ། 

    ཟླ་11ཚེས་1ནས་3ཉིན་བར། ཆབ་མདོའི་བྱང་རྒྱུད་དང་ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ཆབ་མདོའི་དབུས་རྒྱུད་དང་། ནག་ཆུའི་ཤར་རྒྱུད། ཉིང་ཁྲིའི་དབུས་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་གངས(ཐོལ་ཆར)སམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་རེད།

    ཟླ་11ཚེས་4ནས་6ཉིན་བར། ཉིང་ཁྲིའི་ས་ཆ་མང་ཆེ་བ་དང་། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆུང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད།

    ཟླ་11ཚེས་7ནས་10ཉིན་བར། ཉིང་ཁྲི་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། ལྷ་སའི་ཤར་རྒྱུད་དང་བྱང་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། ལྷ་སའི་དབུས་རྒྱུད་དང་ནུབ་རྒྱུད་དང་། ལྷོ་ཁའི་ཤར་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་ཐོལ་ཆར(ཐོལ་གངས)རམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།