དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་གཏམ་རྒྱུད་ལེགས་པར་བརྗོད། དུས་རབས་གསར་པའི་དར་གོས་ལམ་བུའི་དབྱངས་སྙན་དཀྲོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-02

    འདི་ནི་སུའུ་ཀྲོའུ་ཁུན་ཧྲན་ཧྲང་མིང་ཏེན་གྲོང་ཚོར་ཕྱི་རྒྱལ་གསར་འགོད་པས་XRམངོན་སྟོན་འཕྲུལ་ཆས་ལ་མྱོང་རོལ་བྱེད་བཞིན་པ།

    འདི་ནི་ལེན་ཡུན་ཀང་གི་དོས་སྒམ་གྲུ་ཁ་ཞིག་ཏུ་ཕྱི་རྒྱལ་གྱི་གསར་འགོད་པ་དང་ལས་དོན་མི་སྣ་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ཁྲང་ཀྲོའུ་ཅིའུ་ཧའོ་ཚན་རྩལ་འགན་འཁྲི་ཚད་ཡོད་ཀུང་སིར་ཕྱི་རྒྱལ་གསར་འགོད་པས་གློག་སྒུལ་ཤུད་པང་འཁོར་ལོ་གཏོང་བཞིན་པ།

    འདི་ནི་ནན་ཐུང་ཆི་ཏུང་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་མཚོ་ཁོངས་བཟོ་སྐྲུན་གྲུ་ཁར། ཕྱི་རྒྱལ་གྱི་གསར་འགོད་པས་ལས་མཇུག་འགྲིལ་ལ་ཉེ་བའི་ཕྱོགས་བསྡུས་རང་བཞིན་གྱི་མཚོ་ཐོག་ཐོན་སྐྱེད་སྒྲིག་བཀོདFPSOམདུན་དུ་པར་རྒྱག་བཞིན་པ།

    འདི་ནི་ནན་ཅིང་ཅང་དབྱི་ཏ་དམའ་དབྱིངས་འཕུར་སྐྱོད་རྟེན་གཞིར་ཀྲུང་ཕྱིའི་གསར་འགོད་པས་མི་མེད་གནམ་གྲུའི་ཟོག་སྐྱེལ་ལ་ལྟ་བཞིན་པ།

    ཉེ་ཆར། 2026ལོའི“རྒྱུད་གཅིག་ལམ་གཅིག”གི་གསར་འགོད་པའི་རྩ་འཛུགས་ཀྱི་གླེང་སྟེགས་ཅང་སུའུ་ནན་ཅིང་དུ་གཉེར་ཞིང་། “མཉམ་འདུས་མཉམ་འདྲེས·གསར་པ་དང་མདུན་ཕྱོགས་སུ་སྐྱོད·འཛམ་གླིང་འགྱུར་ལྡོག་ཁྲོད་ཀྱི་སྨྱན་སྦྱོར་གསར་སྒྱུར”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ནས་ཡོང་བའི་གསར་འགོད་པའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་སྨྱན་སྦྱོར་གྱི་འཐུས་མི་བརྒྱ་ལྷག་ཙམ་གྱིས་ཀྲུང་གོའི་སྨྱན་སྦྱོར་གྱི་འཐུས་མི་དང་བགྲོ་གླེང་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་འདི་ནི་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་། ཅང་སུའུ་ཞིང་ཨུད་དྲིལ་བསྒྲགས་པུའུ། ནན་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། གླེང་སྟེགས་འགོ་མ་ཚུགས་གོང་། ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་སྨྱན་སྦྱོར་གྱི་འཐུས་མི་ནན་ཅིང་དང་། སུའུ་ཀྲོའུ། ཁྲང་ཀྲོའུ། ནན་ཐུང་། ལེན་ཡུན་ཀང་སོགས་སུ་བསྐྱོད་དེ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་གསར་འགོད་པས་ཀྲུང་གོར་ལྟ་བ”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཐག་ཉེ་ས་ནས་མྱོང་རོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།