དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-02

    ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བདེ་པུའུ་དང་མཉམ་དུ《འགྲིམ་འགྲུལ་ཉེན་རྟོག་པ་དང་འགན་བཅོལ་སྒྲིག་གཞི་མཉམ་ལས་བྱས་ནས་གྲོང་གསེབ་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་རམ་འདེགས་བྱེད་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད།

    མཛུབ་ཁྲིད་བསམ་འཆར་དེར་ཁྱོན་ཆ་ཤས་ཁག་བཞི་ཡོད་པ་སྟེ། གཅིག་ནི་གྲོས་མོལ་མཉམ་བཅོས་ལ་སྐུལ་ལྕག་བྱེད་དགོས་ཤིང་། ས་གནས་ཁག་གིས་མཐུན་སྦྱོར་བཅོས་སྒྲིག་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པར་སྐུལ་ལྕག་བྱེད་དགོས། འགན་བཅོལ་སྒྲིག་གཞིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་མོས་ལྟར་ཞུགས་དགོས་མིན་ཐག་གཅོད་དགོས་པ་དང་འགྲིམ་འགྲུལ་ཉེན་རྟོག་པ་དང་འགན་བཅོལ་སྒྲིག་གཞིའི་མཉམ་སྐྲུན་སོགས་བྱེད་སྟངས་སྣ་ཚོགས་སྤྱད་དེ་བཅོས་སྐྱོང་ནང་ཞུགས་དགོས། གཉིས་ནི་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་ཏེ་གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་གསལ་ཐོ་བཟོ་བ་དང་། འགན་བཅོལ་སྒྲིག་གཞིས་གྲོས་མོལ་བྱས་ནས་ཞུགས་པ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། ཕྱོགས་གཉིས་པོས་བཅོས་སྒྲིག་གི་རྗེས་སྙེག་ཚོད་སྐོར་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནི་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཁྲིམས་བསྟུན་སྒྲིག་མཐུན་གྱིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་དང་འགན་བཅོལ་ལས་རིགས་ཀྱི་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་དྲན་སྐུལ་དང་བཅོས་སྒྲིག་གི་ནུས་ཕྱོད་བསྡོམས་རྩིས་ཚོད་སྐོར་ཡག་པོ་བྱེད་དགོས། ཚན་རྩལ་བྱ་ཐབས་སྤྱོད་པར་ཤུགས་སྣོན་རྒྱག་དགོས། བཞི་ནི་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་སྤྱི་བདེ་པུའུ་ཡིས་མཉམ་འབྲེལ་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་འབྲེལ་ཡོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།