དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་ཡོན་དང་བླངས་པ་སྡེ་ཁུལ་དུ་བསྐྱོད་དེ་ཤེས་དཔལ་གྱི་དར་སྲོལ་གསར་པ་སྒྲོག་འགྲེལ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-02

    ཟླ་10ཚེས་30ཉིན། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཧྲི་ཀྲུང་ཆུས་ཧའེ་ཐང་ཁྲོམ་གཞུང་ཀུའེ་ཧྭ་ལུའོ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ“ཤེས་དཔལ་ལག་ལེན་བྱ་སྤྱོད་མཉམ་དུ་སྤེལ། ཤེས་དཔལ་དར་སྲོལ་ཁྱིམ་ཚང་མང་པོར་ཁྱབ”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ཏང་ཡོན་དང་བླངས་པ་ཚོས་མང་ཚོགས་ལ་ཤེས་དཔལ་གྱི་སྤྱི་ཆིངས་སྒྲོག་འགྲེལ་བྱས་ནས། ཡ་རབས་འགྲོ་སྐྱོད་དང་། གད་སྙིགས་རིགས་དབྱེ། གོམས་སྲོལ་ངན་པ་སྒྱུར་བ་བཅས་དར་སྤེལ་བཏང་སྟེ། ཁྲོམ་གཞུང་དང་སྲང་ལམ་གྱི་གད་སྙིགས་གཙང་སེལ་དང་ཚུལ་མིན་བྱེད་སྤྱོད་ལ་ཁ་ཏ་བསླབ་བྱ་བྱས་ཤིང་། མང་ཚོགས་ལ་རང་རྟོགས་ངང་ཤེས་དཔལ་གྱི་ཚད་གཞིར་བརྩི་སྲུང་ཞུས་ནས་ཞི་མཐུན་ཡ་རབས་ཀྱི་སྡེ་ཁུལ་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།