རྒྱལ་ཐོན་སྲུང་སྐར་དྲ་སྦྲེལ་གྱིས་གོ་ལ་ཧྲིལ་པོའི་འཕྲིན་གཏོང་གི“མཐའ་མའི་མུན་ཁུལ”བསལ་བ།
གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། ཀྲུང་གོའི་འཁྱགས་རོམ་རྒྱ་མཚོ་བྱང་མའི་རྟོག་ཞིབ་ལས་འགན་ཐེངས་བཅུ་དྲུག་པ་སྒྲུབ་བཞིན་པའི“གླིང་སྣེ”རྟགས་ཅན་གྱིས་རྒྱལ་ཐོན་སྲུང་སྐར་དྲ་སྦྲེལ་གྱི་བྱང་སྣེའི་མཚོ་ལམ་གྱི་ལས་སྒོ་ཅན་གྱི་བེད་སྤྱོད་ཚོད་ལྟའི་ལས་འགན་ལེགས་སྒྲུབ་ཟིན་པ་རེད།
ཀྲུང་གོ་གླིང་སྣེ་ཞིབ་འཇུག་ལྟེ་གནས(ཀྲུང་གོ་གླིང་སྣེ་ཞིབ་འཇུག་ཁང)སོགས་ཚན་པའི་ཐུན་མོང་འབད་འཐབ་འོག ད་རེས་བྱང་སྣེ་དང་། ལྷོ་སྣེ། མཚོ་བོད་ས་མཐོ་བཅས་ཀྱི་དྲ་སྦྲེལ་འཕྲིན་གཏོང་ཚོད་ལྟའི་ར་སྤྲོད་ལས་དོན་ཐེངས་དང་པོར་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། “གླིང་སྣེ”རྟགས་ཅན་དང་། ཆིན་ལིང་ས་ཚིགས། བོད་རང་སྐྱོང་ལྗོངས་སྐྱིད་ཆུའི་ཚོད་ལྟའི་ས་ཚིགས། པེ་ཧའེ་རྒྱ་མཚོ་ཅུས་བཅས་ཀྱི་བརྙན་ལམ་སྦྲེལ་མཐུད་ནང་སྒྲ་དང་བརྙན་གཉིས་ཀ་གསལ་པོ་བྱུང་བ་མ་ཟད། རྒྱལ་ཐོན་སྲུང་སྐར་དྲ་སྦྲེལ་འཕྲིན་གཏོང་མ་ལག་འདི་ཉིད་དྲོད་ཚད་ཧ་ཅང་དམའ་བ་དང་། ས་བབ་མཐོ་བ། བྱེ་རླུང་དྲག་པོ་ལྡང་བ། དར་སྨུག་འཚུབ་པ་སོགས་ཁོར་ཡུག་ཧ་ཅང་ཞན་སར་ཡང་འཁོར་སྐྱོད་ཐུབ་པའི་བརྟན་འཇགས་རང་བཞིན་ར་འཕྲོད་བྱུང་ནས། གོ་ལ་ཧྲིལ་པོའི་འཕྲིན་གཏོང་གི“མཐའ་མའི་མུན་ཁུལ”བསལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།