ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་རིག་དངོས་མཉམ་འབྲེལ་འགྲེམས་སྟོན་འགོ་ཚུགས་པ།
ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“དཔའ་བོའི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད། རྒྱང་སྐྱོད་སྙིང་སྟོབས་ཆད་མེད་རྒྱུན་འཛིན་བྱེད། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་རིག་དངོས་མཉམ་འབྲེལ་འགྲེམས་སྟོན”ཚེས་30ཉིན་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དུ་འགོ་བཙུགས་པ་དང་ཚེས་31ཉིན་ནས་བཟུང་སྤྱི་དམངས་ལ་འགྲེམས་སྟོན་བྱས་པ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འོས་སྦྱོར་མིང་ཐོའི་ནང་བཅུག་པ་རེད། འགྲེམས་སྟོན་ཐོག“ཁྲག་གིས་འཚོས་ཀྱང་རྒྱང་སྐྱོད་ལམ་བུར་བསྐྱོད”དང་། “དམག་སྦྱོང་བྱས་ནས་དམག་མིའི་བླ་སྲོག་གཏོད” “རྒྱལ་ཁའི་གླུ་དབྱངས་ཡུལ་ཕྱོགས་གང་སར་ཁྱབ” “རྒྱང་སྐྱོད་སྙིང་སྟོབས་ཆད་མེད་རྒྱུན་འཛིན་བྱེད” “གསར་གཏོད་གྲུབ་འབྲས་སྲུང་སྐྱོང་ལེགས་པར་བྱེད”བཅས་ནང་དོན་5བརྒྱུད་དམར་དམག་གིས་བཀག་སྡོམ་ལས་ཚད་བརྒལ་དང་ལེ་དབར་ཁྲི་ཡི་དམག་འཐབ་ནང་ཞུགས་པའི་དམག་འཁྲུག་གི་འདས་དོན་གླེང་བ་དང་། རྒྱང་སྐྱོད་ལམ་བུའི་ཐོག་བསམ་བློར་ཞུན་བརྡར་དང་དད་མོས་གཅིག་སྡུད་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུར་དམིགས་པ། རྒྱང་སྐྱོད་ཀྱི་གཏམ་རྒྱུད་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་སྤེལ་བྱས་པའི་གསོན་ཉམས་དོད་པའི་ལོ་རྒྱུས་འཕེལ་རིམ་སོར་ཆུད་བཅས་བྱས་ཏེ། མི་རབས་ནས་མི་རབས་བར་གྱིས་རྒྱང་སྐྱོད་ཀྱི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་གསར་བརྗེའི་དྲན་ཤེས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ལུགས་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།