པར་རིས་གསར་འགྱུར།

ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཏང་དང་མང་ཚོགས་དབར་གྱི་ཞབས་ཞུའི་ལྟེ་གནས་ཀྱི་མ་ལག་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ། ཏང་དང་མང་ཚོགས་ཀྱི་འཐབ་ས་སྣ་ཚོགས་4400ལྷག་ཙམ་བསྐྲུན་པ་དང་། “1+11+N”ཡི་ས་ཁོངས་ཡོངས་ཀྱི་ཞབས་ཞུའི་དྲ་རྒྱ་བཙུགས་ཏེ་མི་སེར་གྱི་དེབ་ཁང་དང་། བུ་བཅོལ་ས་ཚིགས། སྡེ་ཁུལ་ཟ་ཁང་སོགས་ཞབས་ཞུ་བྱ་ཡུལ་བཏོད་པས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་40ལྷག་ཙམ་ལ་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད།
འདི་ནི་ཧྲེན་ཀྲེན་གྲོང་ཁྱེར་ལུང་ཧྭ་ཆུས་དམངས་སྐྱོང་ཁྲོམ་གཞུང་མིང་ཁང་སྡེ་ཁུལ་ཏང་དང་མང་ཚོགས་དབར་གྱི་ཞབས་ཞུའི་ལྟེ་གནས་སུ་དགེ་རྒན་ཞིག་གིས་ཕྲུ་གུ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བཞིན་པ།
འབྲེལ་ཡོད་གསར་འགྱུར།