རང་རྒྱལ་གྱི་དྲོད་ཚད་ཆེས་མཐོ་བ་དང་དམའ་བའི་གནམ་གཤིས་འཕྲོད་ཐུབ་པའི་ཆུ་འབྲས་ཀྱི་སོན་གསོའི་ལས་དོན་ལ་འཕེལ་རིམ་བྱུང་བ།
ཉིན་ཤས་གོང་། ཀྲུང་གོ་ཞིང་ལས་སློབ་ཚོགས་ཀྱིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་། ཀྲུང་གོ་ཞིང་ལས་སློབ་ཆེན། ཀྲུང་གོ་ཚན་རིག་ཁང་སོགས་ཚན་པའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཧུའུ་ནན་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་ལྟེ་གནས་དང་། ཧུའུ་ནན་ཞིང་ལས་སློབ་ཆེན། པེ་ཅིང་གསེར་མདོག་ནུང་ཧྭ་འདེབས་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་སོགས་ཚན་པས་མཉམ་དུ་བཟོས་པའི་ཆུ་འབྲས་ཀྱི་དྲོད་ཚད་མཐོ་དམའ་ཐེག་ཐུབ་པའི་རྒྱུད་འདྲེས་མ་ལག་233Sདང་དེ་བཞིན་རྒྱུད་འདྲེས་སྡེབ་སྒྲིག་རབ་དང་རིམ་པ་ཧུའུ་ནན་ཐང་གཤོངས་ཁུལ་དང་ཡུན་ནན་ས་བབ་མཐོ་ཁུལ་དུ་འདེབས་འཛུགས་ཚོད་ལྟ་བྱས་པར་དྲོད་ཚད་ཆེས་མཐོ་བ་དང་དྲོད་ཚད་ཆེས་དམའ་བའི་གནམ་གཤིས་འཕྲོད་ཐུབ་པའི་ཐད་ས་གནས་ས་ཐོག་ཏུ་རྟོག་ཞིབ་དཔྱད་གླེང་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྒྱུད་འདྲེས་མ་ལག་233Sཡི་དྲོད་ཚད་མཐོ་དམན་ཆེན་པོ་ཐེག་ནུས་ཆེ་བ་དང་དེའི་འབྲས་བུ་མངོན་གསལ་དོད་པོས་ལེགས་པ་ཡོད་སྟབས་བེད་སྤྱོད་རིན་ཐང་མཐོ་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།