དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-02

    སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ་དང་། ས་མཐོའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཏན་ཏིག་སྐོང་བ། ས་གནས་དེ་གའི་མི་སེར་གྱིས་ཁྱིམ་གྱི་སྒོ་རྩར་སྤུས་ལེགས་སྟབས་བདེའི་ཆེད་ཚན་སྨན་བཅོས་ཐུབ་པ་བཅས་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་སྨན་ཁང་གིས་ཕྱི་ནད་ཚན་ཁག་གི་རིག་ཚན་མང་པོའི་མཉམ་འབྲེལ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་རིགས་གཅིག་མཁས་ཅན་གྱིས་ནད་པ་མང་ཚོགས་ཀྱི་དོགས་གནད་ལ་ལན་ཞིབ་ཕྲ་བཏབ་པ་དང་ནད་གཞི་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་ཀྱི་བསམ་འཆར་བཏོན་ནས། ས་མཐོའི་ནད་པར་ཆུ་ཚད་མཐོ་བའི་ཕྱི་ནད་ཚན་ཁག་གི་སྨན་བཅོས་ཞབས་འདེགས་ཞུས་པ་རེད།འདི་ནི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་དུ་རིགས་གཅིག་མཁས་ཅན་གྱིས་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།