དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགོག་སྲུང་བྱ་ཐབས་ཚགས་ཚུད་བཟོས། བཟའ་བཅའི་བདེ་འཇགས་ལེགས་པར་བསྲུངས།

    ——ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་བྱས་ཚུལ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-02

    ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་བཞི་པའི་ཡོངས་བསྒྲགས་བརྙན་ཤེལ་ཆེ་མོའི་ཐོག་ཏུ་བཟའ་བཅའི་རྒྱུ་ཆ་འདོན་འཇུག་གི་རྩིས་ཁྲ་དང་བཟའ་བཅའི་དཔེ་ཉར་ཟིན་ཐོ་དུས་ཐོག་ཏུ་སྟོན་བཞིན་ཡོད་པ་དང་། ཟ་ཁང་དུ་ལས་ཀ་བྱེད་མཁན་ཞིག་གིས་ཉིན་དེའི་བཟའ་བཅའི་རྒྱུ་ཆ་འདོན་འཇུག་གི་གྲངས་གཞིར་རེ་རེ་བཞིན་ཞིབ་བཤེར་བྱེད་བཞིན་ཡོད། “དེ་སྔ་རྩིས་ཁྲར་ཞིབ་བཤེར་བྱེད་སྐབས་ཆད་ལུས་ཡོད་ལ། ཐབ་ཚང་ནང་ལ་ཕྱིན་ནས་ལྟ་དགོས། ད་ལྟ་མ་ལག་གིས་གཞི་གྲངས་རང་འགུལ་ངང་ཉར་གྱི་ཡོད་པ་མ་ཟད་སྐབས་ཐོག་ཏུ་དྲན་སྐུལ་ཡང་བྱེད་པས། ལས་ཀ་བྱེད་དུས་བློ་བདེ་པོ་འདུག”ཅེས་ཁོང་གིས་བཤད།

    ད་ལྟའི་རྣམ་པ་དེ་ཡང་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཁག་གི་ཟ་ཁང་གི་རྣམ་པར་གྱུར་ཡོད། ཐབ་ཚང་དུ་ཤ་ཚལ་སོགས་གཏུབ་པ་དང་གཡོས་སྦྱོར་སོགས་ཀྱི་བརྙན་པར་ལ་སྐབས་ཐོག་ཏུ་ལྟ་ཆོག་པ་དེ་ནི་ལྷོ་ཁའི“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”འཛུགས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་སྤྱི་ཚོགས་ཐོག་གི་བཟའ་བཏུང་ཚན་པ་500ཙམ་གྱིས་རིག་ནུས་AIཡི་ཐབ་ཚང་ཕྱི་གསལ་ནང་གསལ་གྱི་མཐའ་སྣེ་བསྒར་ཡོད་པ་མ་ཟད། ཚང་མ་རང་སྐྱོང་ལྗོངས་ཀྱི“དྲ་སྦྲེལ+AIལྟ་འདོམས་ལས་སྟེགས”དང་སྦྲེལ་ཡོད་པས། སློབ་གྲྭའི་ཟ་ཁང་དུ་ལྟ་སྐུལ་ཚོད་འཛིན་བྱེད་ཚད་96%ཟིན་གྱི་ཡོད།

    ད་ལོའི་ཟླ་2པའི་ཟླ་མཇུག་ཏུ། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་16གིས་གྲངས་འཛིན་ཅན་གྱི་འཁོར་འབྲེལ་ཧྲིལ་པོའི་ལྟ་འདོམས་མ་ལག་དང་སྦྲེལ་ཡོད་པ་དང་། མ་ལག་དེ་སྔོན་རྩིས་དང་། ཉོ་སྒྲུབ། རྩིས་ལེན། དུས་རྩིས། ལས་སྣོན་དཔེ་འཇོག འཚོ་བཅུད་འགན་ལེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་པས། “འགན་ལེན་གསུམ”གྱི་གྲོན་དངུལ་གཏོང་ཕྱོགས་དང་བཟའ་བཅའི་རྒྱུ་ཆ་ཁག་ཚང་མའི་ཡོང་ཁུངས་སོགས་ཚང་མ་བཤེར་ཐུབ་ཀྱི་ཡོད། སྔོན་ཆད“འགན་ལེན་གསུམ”གྱི་གྲོན་དངུལ་སྤྱད་ཚུལ་ལ་ཁྱིམ་བདག་གིས་ཡོངས་བསྒྲགས་སྒྲོམ་པང་ནས་མ་གཏོགས་ལྟ་ཐུབ་ཀྱི་མེད། ད་ཆ་གཏོང་སྒོ་ཚང་མ་གློག་རྡུལ་རྩིས་ཁྲ་ནས་ཁུངས་འདེད་ཆོག་པས། མ་དངུལ་གང་དུ་སྤྱད་ཡོད་པ་དང་ཅི་ཙམ་སྤྱད་ཡོད་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་ཀྱི་ཡོད།

    ཆུ་གསུམ་རྫོང་གིས་རང་བསྐྲུན་གྱི་AIརིག་ནུས་ལྟ་འདོམས་ལས་སྟེགས་རྫོང་གཞན་གྱི་སྔོན་ལ་སྤྱད་ནས་སློབ་གྲྭའི་ཟ་ཁང་24ཚང་མ་དང་སྦྲེལ་ཡོད་པ་དང་། གཅིག་སྡུད་ཀྱི་ཟ་མ་ཟ་མཁན་ཚན་པ་8དང་སྤྱི་ཚོགས་ཀྱི་བཟའ་བཏུང་ཚན་པ་30ལས་སྟེགས་དེར་ཞུགས་ཡོད། ལྟ་འདོམས་མི་སྣས་ལས་སྟེགས་ནས་ཐབ་ཚང་ནང་གི་སྐབས་ཐོག་བརྙན་པར་ལ་བལྟས་ན་འགྲིག་གི་ཡོད་པས། ས་ཡུལ་དངོས་སུ་སྐྱོད་མི་དགོས་པར་སྐོར་ཞིབ་བྱེད་པ་ནི་རྒྱུན་གཏན་དུ་གྱུར་ཡོད། ལས་སྟེགས་སྤྱོད་འགོ་ཚུགས་རྗེས་ཐབ་ཚང་ནང་བཀོལ་སྤྱོད་བྱེད་སྟངས་ཚད་ལྡན་ཡིན་མིན་དང་། བཟའ་བཅའི་རྒྱུ་ཆ་གོ་རིམ་བཞིན་མཛོད་ཁང་དུ་འཇུག་མིན་སོགས་མ་ལག་གིས་རང་འགུལ་ངང་ཐོ་འགོད་ཀྱི་ཡོད་པས། གནད་དོན་ཤེས་རྟོགས་ཐུབ་འཕྲལ་བཅོས་སྒྲིག་བྱེད་ཆོག་ལ་ལས་ཕྱོད་དེ་སྔ་ལས་ཀྱང་ཆེས་ཆེར་ཕྱིན་ཡོད།

    མ་ལག་དེས་ཐབ་ཚང་ནང་གི་བཀོལ་སྤྱོད་བྱེད་སྟངས་ལ་དོ་དམ་ནན་པོ་ཐུབ་ཀྱང་ལྷུ་ཚིགས་ཚང་མར་དོ་དམ་ནན་པོ་ཐུབ་དཀའ། མངག་ཚོང་སྐྱེལ་མཁན་ཚོས་ཉིན་ལྟར་ཐབ་ཚང་སོགས་ནས་ཟ་མ་ལེན་དགོས་པས། ཟ་ཁང་གང་གི་ཐབ་ཚང་བཙོག་པ་དང་སུ་ལ་ལག་ཁྱེར་གྱི་གནད་དོན་ཡོད་པ་ཁོང་ཚོས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“མངག་ཚོང་སྐྱེལ་མཁན་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བའི”ལམ་སྲོལ་བཟོས་ཏེ། མངག་ཚོང་སྐྱེལ་མཁན་85ལྟ་སྐུལ་དཔུང་ཁག་ནང་གདན་ཞུ་བྱས་པ་དང་འབྲེལ། དེ་མཚུངས་ཀྱི་བྱ་དགའ་སྤྲོད་པའི་བྱ་ཐབས་བཟོས་པ་རེད། དེས་ན་རྒྱུན་དུ་ཟ་ཁང་གི་ཐབ་ཚང་དུ་ཡར་འཛུལ་མར་དོན་བྱེད་མཁན་དེ་དག་ལྟ་འདོམས་ཀྱི་སྐོར་སྐྱོད་པར་གྱུར་ཡོད།

    མངག་ཚོང་སྐྱེལ་མཁན་ཚོས་བཏོན་པའི་བསམ་འཆར་མཐའ་མ་ལས་སྟེགས་ཀྱི་དག་ཐེར་བྱ་ཡུལ་དུ་འགྱུར་གྱི་ཡོད། ད་ལོ་ཚུན་དུ། གྲོང་ཁྱེར་ཡོངས་ཀྱིས་དྲ་རྒྱའི་བཟའ་བཏུང་ལས་སྟེགས་ལ་བསྐོང་འདྲི་ཐེངས་49བྱས་པ་དང་། ཚོང་དུད་ལ་ཞིབ་བཤེར་ཐེངས་2242བྱས་པ། གནད་དོན་1305དག་ཐེར་བྱས་ཡོད། རྒན་གསོའི་སྒྲིག་གཞིའི་ཟ་ཁང་ལའང་ལྟ་འདོམས་ནན་པོ་བྱས་ནས་བཟའ་བཅའི་རྒྱུ་ཆ་གསོག་ཉར་དང་དུག་སེལ་དཔེ་ཉར་རེ་རེ་བཞིན་བྱས་ནས་གྲོང་ཁྱེར་ཡོངས་སུ་ཞིབ་བཤེར་ཐེངས་64བྱས་པ་དང་གནད་དོན་53ལ་དག་ཐེར་བྱས་པ་རེད།

    བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་ཡག་པོ་བྱེད་པར་ཞིབ་ཕྲའི་གནད་དོན་འདི་དག་སྒྲུབ་པར་བརྟེན་དགོས་པས། གནད་དོན་རེ་རེ་བཞིན་སྒྲུབ་པ་དང་རེ་རེ་བཞིན་ལ་དོ་དམ་བྱེད་དགོས། ད་ལོ་ཚུན་དུ། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་གྱོད་དོན་སྣ་ཚོགས་165ཞིབ་བཤེར་ཐག་གཅོད་བྱས་པར་དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི་92.33བཏང་ཡོད། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་647དག་ཐེར་བྱས་པས། སྟོན་དུས་ཀྱི་སློབ་འགོ་ཚུགས་སྐབས་གནད་དོན་ཐོན་ཚད་དཔྱིད་དུས་ལས་60%ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།