དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།

    ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-11-02

    བྱ་གཞག་རླབས་པོ་ཆེས་ལེའུ་གསར་པ་བཏོད་པ་དང་འདུ་འགོད་རླབས་པོ་ཆེས་རྣམ་པ་གསར་པ་གཏོད་དགོས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་རླབས་པོ་ཆེ་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། 《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཏང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་མཚོན་ཡོད། ཏང་ཡོངས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པར་སྐུལ་སློང་དང་སྐུལ་ལྕག་ནུས་ལྡན་ཐེབས་ནས། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད།

    དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོད་སེམས་ཆེན་པོ་སྔར་བྱུང་མྱོང་མེད་པ་དང་། ཤུགས་ཚད་ཆེན་པོ་སྔར་བྱུང་མྱོང་མེད་པ། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་བརྒལ་བའི་ལན་གཉིས་པ་དེ་རྙེད་པ། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་པ། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་དེ་བས་འགྱུར་མེད་སྟོབས་དང་ལྡན་པ་དང་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་དུ་གྱུར་ནས། ཀྲུང་གོ་གུང་ཁྲན་ཏང་སྐྱོང་ལུགས་དང་ཀྲུང་གོ་སྐྱོང་ལུགས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

    གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཕྱོགས་འཛིན་ལམ་འཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད། དེ་ཐོག་ནས“གཏན་འཁེལ་གཉིས”ནི་ང་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གཏིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་གང་ལེགས་མཚོན་ཡོད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཏང་འཛུགས་སྐྱོང་གི་ལེའུ་ཞིག་ཡིན་པའི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པས“ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་དགོས་པའི”དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ལན་གཏིང་ཟབ་བརྒྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། དེ་ནི“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་དང་ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་ཞིང་། དེར་ཏང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལྡན་ཡོད།

    བསམ་བློའི་དཔལ་འབར་གྱིས་རྒྱུགས་འབུལ་ལམ་བུ་གསར་པ་བསལ་བ་དང་དེ་བས་བརྗིད་ཆགས་ཀྱི་རྒྱང་ལམ་ལ་ཁྲིད་སྟོན་བྱེད་ཀྱི་ཡོད།

    《ཆོད་དོན》གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་དེ་ཉིད་བསམ་བློའི་གཙོ་རྐང་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ཡིག་ཆའི་སྒྲོམ་གཞིའི་བཀོད་སྒྲིག་དང་། གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་སྡོམ། དུས་བབ་དང་ལས་འགན་ལ་དབྱེ་ཞིབ། མཛུབ་ཁྲིད་བསམ་བློ་དང“མཐའ་འཁྱོངས་བདུན”གྱི་རྩ་དོན་གལ་ཆེན་གསལ་བཟོ། སྲིད་ཇུས་དང་བྱ་ཐབས་འདོན་པ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།

    འདི་གར“གུང་ཁྲན་ཏང་མིའི་ཏང་གཤིས་ཟབ་ཏུ་གཏོང་བ”དང“དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པར”དམིགས་ནས་འགྲེལ་བཤད་བརྒྱབ་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས།

    ཏང་གཤིས་ཟབ་ཏུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བའི་རང་བཞིན་གྱི་ལས་འགན་ཞིག་ཡིན་པ་དང་། ཏང་གཤིས་ལ་ཞུན་བརྡར་སྤྲོས་པ་ནི་ཏང་ཡོན་དང་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པ། “འགྱུར་མེད་ཀྱི་ཏང་གཤིས་ལ་ཞུན་བརྡར་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ”ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ནང་དོན་གལ་ཆེན་ཞིག་རེད།

    དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་རྒྱུན་སྲིང་ལྷོད་མེད་བྱེད་པ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་གཏོང་བ་ནས“ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ”དང“ཏང་གཤིས་གོ་རྟོགས་མཐོ་རུ་གཏོང་རྒྱུ”དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ནང་བཅུག་སྟེ། སྲ་ཞིང་བརྟན་པའི་ཏང་གཤིས་ལ་བརྟེན་ནས་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱེད་པའི་བར་དང་དེ་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བའི་བར་ཏང་གཤིས་ལ་བརྟེན་ནས་ཧེ་བག་འཚོལ་བ་དང་། འབྱུང་ཁུངས་འཚོལ་བ། བྱང་ཚད་མཐོར་གཏོང་བཅས་མཐའ་འཁྱོངས་བྱེད་དགོས།

    བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་སྟོབས་འཕེལ་བྱས་ནས་དད་སེམས་ཀྱི་རྨང་གཞི་བརྟན་འཛུགས་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན། བསམ་བློ་ཡི་ཁ་ཕྱོགས་བརྟན་བཟུང་བཅས་ཐུབ་པས་རང་རེའི་ཏང་འདི་ཉིད་འགྱུར་ལྡོག་ཆེན་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་རླུང་རླབས་དྲག་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་གྱུར་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་བཀོད་སྒྲིག་བྱས་པ་དང་། “གུང་ཁྲན་ཏང་མིའི་ཏང་གཤིས་ཆེ་རུ་གཏོང་བ”དེ་ཨང་དང་པོར་བཞག་ཡོད། དེའི་དམིགས་ཡུལ་ནི་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་གི་ངོ་བོ་དང་དམིགས་ཡུལ་མཐའ་འཁྱོངས་བྱེད་པར་སྐུལ་འདེད་བཏང་ནས། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱ་ཆེད་རེད།

    རང་རེའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ཀྱི་མཛུབ་ཁྲིད་འོག་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལྟར་བཙུགས་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེ་ཤོས་དེ་རེད། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་གི་རྩ་བའི་རྩ་འཛུགས་ཀྱི་རྩ་དོན་དང་འགོ་ཁྲིད་ཀྱི་ལམ་ལུགས་ཡིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད།

    དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ། ལས་ཀའི་ལེགས་ཆ་བཅས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཐོག་མར་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དེ་རེད།

    ལོ་ལྔ་ཚན་གྱི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་སྐབས། ཏང་ཀྲུང་དབྱང་གིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་ཇུས་འགོད། ཇུས་ཐག་གཅོད་པ་བཅས་བྱས་ནས། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་མཐའ་འཁྱོངས་བྱས་ཏེ“གཏན་འབེབས་བྱས་ན་དོན་འཁྱོལ་ལ་དམ་འཛིན”བྱེད་དགོས།

    ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་རེད། “ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། དེ་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་རེད”

    ཚང་འཛོམས་གྲོས་ཚོགས་ཐོག་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་ཡོང་བར་དམིགས་ནས་བཀོད་སྒྲིག་བྱས་པ་རེད། ང་ཚོས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་ཡང་དག་པའི་གཅིག་སྡུད་ལག་བསྟར་ནུས་ལྡན་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་ལྟར་གྱི་ཐབས་ཇུས་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཏང་ལ་ཐོག་མཐའ་བར་གསུམ་དུ་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེན་པོ་ལྡན་པའི་འགན་ལེན་བྱེད་དགོས།

    དཀའ་བ་དུ་མ་འཕྲད་ཀྱང་ཐོག་མའི་བསམ་འདུན་མི་འགྱུར་བརྟན་པོར་གནས། དམིགས་ཚད་གཏན་འཁེལ་ཟིན་པས་ཞུམ་མེད་མདུན་དུ་སྐྱོད། ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་འགོག་ཐབས་མེད་པའི་གོམ་སྟབས་ཐོག་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཚེ། རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་གོམ་སྟབས་བརྟན་པོ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་པར་སྣེ་ཁྲིད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།