བློ་མཐུན་ཚེ་རིང་ལྷ་མོ་སྐུ་གཤེགས་པ།
ཚའེ་ཆི་དང་། ཧྲི་ཐའེ་ཧྥུང་། ཧུའུ་ཅིན་ཐའོ། ཝུའུ་ཀོན་ཀྲེང་། ཝང་ཆི་ཧྲན། བློ་བཟང་རྒྱལ་མཚན། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝང་ཀྲའོ་གོ བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཚེ་རིང་ལྷ་མོ་སྐུ་གཤེགས་པར་མྱ་ངན་ཞུས་པ་མ་ཟད་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲི་གནང་བ།
ཧུའུ་ཁྲང་ཧྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ཀུང་ཧུའེ་ཚའེ། ཧོ་ལུའུ་ཁྲུན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མྱ་ངན་ཞུས་པ་དང་འཚམས་འདྲི་གནང་བ།
ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་བློ་མཐུན་ཚེ་རིང་ལྷ་མོ་སྙུང་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2026ལོའི་ཟླ་10ཚེས་26ཉིན་གྱི་ཆུ་ཚོད་14དང་སྐར་མ་11ལ་ལྷོ་ཁར་སྐུ་གཤེགས་ཤིང་། སྐུ་གཤེགས་སྐབས་དགུང་ལོ་100ཡིན།
ཚའེ་ཆི་དང་། ཧྲི་ཐའེ་ཧྥུང་། ཧུའུ་ཅིན་ཐའོ། ཝུའུ་ཀོན་ཀྲེང་། ཝང་ཆི་ཧྲན། བློ་བཟང་རྒྱལ་མཚན། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝང་ཀྲའོ་གོ བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས་སོགས་ཀྱིས་བློ་མཐུན་ཚེ་རིང་ལྷ་མོ་སྐུ་གཤེགས་པར་མྱ་ངན་ཞུས་པ་མ་ཟད་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲིའང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་། བོད་རང་སྐྱོང་ལྗོངས་ཏང་ཨུད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་སོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བློ་མཐུན་ཚེ་རིང་ལྷ་མོ་སྐུ་གཤེགས་པར་མྱ་ངན་ཞུ་ལུགས་དང་ཁོང་གི་གཉེན་ཉེར་སེམས་གསོའི་འཚམས་འདྲི་ཞུ་ལུགས་མཚོན་པར་བྱས་ཡོད།
ཧུའུ་ཁྲང་ཧྲེང་དང་། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ཀུང་ཧུའེ་ཚའེ། ཧོ་ལུའུ་ཁྲུན་སོགས་ཀྱིས་བློ་མཐུན་ཚེ་རིང་ལྷ་མོ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཁོང་གི་གཉེན་ཉེར་འཚམས་འདྲིའང་གནང་བ་རེད། ལའེ་ཅའོ་དང་། རེན་ཝུའེ། ཚེ་རིང་ཐར། ཟླ་བ་ཚེ་རིང་། བསྟན་པ། ཅང་ཝུན་ཕུང་། ཞུས་ཀྲི་ཝུན། རྒྱལ་མཚན་ནོར་བུ། ལེགས་མཆོག པ་སངས་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་ཞིང་ཆེན་རིམ་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཚོས་བྱ་ཐབས་མི་འདྲ་བའི་ཐོག་ནས་མྱ་ངན་ཞུས་པ་དང་སེམས་གསོའི་འཚམས་འདྲི་གནང་བ་རེད།
བློ་མཐུན་ཚེ་རིང་ལྷ་མོ་སྐུ་འཚོ་བཞུགས་སྐབས་རྗེས་འཇུག་ཚང་མ་སྟབས་བདེ་བྱེད་དགོས་པའི་ཞལ་ཆེམས་དང་། དེ་མིན་ནང་མིའི་བསམ་འཆར་ལ་བརྩི་འཇོག་ཞུས་པ་བཞིན་སྐུ་ཕུང་ཞལ་གྱེས་ཞུ་བའི་བྱེད་སྒོ་འཚོགས་མེད་པ་དང་། བློ་མཐུན་ཚེ་རིང་ལྷ་མོའི་སྐུ་ཕུང་2026ལོའི་ཟླ་10ཚེས་30ཉིན་ལྷ་སའི་ནུབ་རི་པུར་ཁང་དུ་ཞུགས་འབུལ་གནང་བ་རེད།
ཚེ་རིང་ལྷ་མོ། 1926ལོའི་ཟླ་9པར་འཁྲུངས་པ་དང་། བོད་ལྗོངས་ལྷུན་རྩེ་རྫོང་ནས་ཡིན། 1962ལོའི་ཟླ་10པར་ཕྱག་ལས་ལ་ཞུགས། 1960ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་སྐྱེད་པ་ཤང་ནང་བཟན་རོགས་རེས་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཀུང་ཧྲེའི་ཏང་ཀྲི་པུའི་ཧྲུའུ་ཅི། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྣེ་གདོང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྣེ་གདོང་རྫོང་ཨུད་ཀྱི་རྒྱུན་ཨུ། འོན་ཆུས་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྣེ་གདོང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་གནང་། 1979ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གནང་། 1984ལོའི་ཟླ་10པར་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒན་ཡོལ་ཞུས།
བློ་མཐུན་ཚེ་རིང་ལྷ་མོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་ལྔ་པ་དང་སྐབས་དྲུག་པའི་འཐུས་མི་ཡིན་པ་དང་། བོད་ལ་སེམས་འགུལ་ཐེབས་པའི་མི་སྣ་60ཡི་གྲས་ཤིག་རེད། 1961ལོར་ནང་བཟན་དུད་ཚང་བཅུ་གཅིག་གི་འགོ་ཁྲིད་དེ་ཞིང་ལས་ཐོན་སྐྱེད་རོགས་རེས་ཚོགས་ཆུང་བཙུགས་པས་ཐོན་སྐྱེད་འཕེལ་རྒྱས་བྱུང་ནས་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས“ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་མིག་དཔེ”ཞེས་པའི་མཚན་སྙན་གནང་། 1977ལོར་ས་བབ་སྨི་3700ཟིན་པའི་ལུང་ཤུར་དུ་སྐྱེད་པ་ཀུང་ཧྲེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་ལས་སྒྲུབ་བྱས་པར་ཀུང་ཧྲེ་དེའི་མུའུ་རེ་ནས་ཆ་སྙོམས་འབྲུ་རིགས་རྒྱ་མ་935ཐོན་པའི་གྲུབ་འབྲས་བཟང་པོ་ཐོབ་སྟེ། 1979ལོར་ཁོང་ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་དང་། 1983ལོར་རྒྱལ་ཡོངས་ཀྱི“གསུམ་བརྒྱད”དར་དམར་བའི་མཚན་སྙན་ཐོབ་ཡོད།
བློ་མཐུན་ཚེ་རིང་ལྷ་མོས་སྐུ་ཚེ་ཧྲིལ་པོར་ཏང་དང་མི་དམངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཆེད་ལེགས་སྐྱེས་ཕུལ་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁོང་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་ལྡན་ཞིང་། ཏང་དང་། མི་དམངས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་གནང་བ་དང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་གནང་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་གནང་ཡོད། ཁོང་ལ་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེན་པོ་ལྡན་པས། མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་ཡོད། ཁོང་གིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་དགོངས་པ་བརྟན་པོ་འཛུགས་པ་དང་། ཀྲུང་དབྱང་གི་མཛད་ཇུས་ཆེན་པོ་ལག་ལེན་མཐའ་གཅིག་ཏུ་བསྟར་བ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ལག་ལེན་གཏིང་ཟབ་བསྟར་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གནང་ཡོད། ཁོང་གིས་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་གནང་ནས་རང་འགན་གཙང་སྒྲུབ་དང་། ལྷག་བསམ་རྣམ་དག སེམས་ནུས་ཡོད་རྒུ་འདོན་པ། རང་དོན་རྒྱབ་སྐྱུར་གྱིས་ལས་དོན་སྒྲུབ་པ་བཅས་གནང་བས། གསར་བརྗེའི་བྱ་གཞག་སྒྲུབ་སེམས་ཆེན་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོ་ལྡན་ཡོད། ཁོང་གིས་ཏང་གཤིས་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་ལྟ་རྟོག ཏང་གི་སྒྲིག་ཁྲིམས་ནན་སྲུང་། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་བཅས་གནང་བ་མ་ཟད། ཁོང་ནི་ཁེངས་སྐྱུང་གཟབ་ནན་དང་། ཁོག་ཡངས་དཀྱེལ་ཆེ། གཞུང་དྲང་ཚུལ་མཐུན། རང་གཅུན་ནན་པོ། སྤྱོད་གཙང་གཞུང་དྲང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བཅས་གནང་མཁན་གྱི་ཡུན་རིང་ཉམས་སད་ཐེག་པའི་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ཞིག་ཡིན།
བློ་མཐུན་ཚེ་རིང་ལྷ་མོའི་སྐུ་ཚེ་ཧྲིལ་པོ་ནི་འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་བྱ་གཞག་ལ་ལེགས་སྐྱེས་ཕུལ་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད། ཁོང་སྐུ་གཤེགས་པ་དེས་ང་ཚོར་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་མེད་པར་གྱུར་ཡོད། ང་ཚོས་སེམས་སྡུག་དེ་སྟོབས་ཤུགས་སུ་འགྱུར་བར་བྱས་ནས་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་ཕུལ་བྱུང་གི་གཤིས་རྒྱུད་དང་། ཁོང་གི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་འགན་འཁྲི་འཁུར་ཕོད་པའི་ཞུམ་མེད་ཀྱི་སྙིང་སྟོབས། ཁོང་གི་དཀའ་སྤྱད་བབ་ཆགས་དང་ཧུར་བསྲི་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་བཅས་ལ་སློབ་སྦྱོང་ཞུས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
བློ་མཐུན་ཚེ་རིང་ལྷ་མོ་ནམ་ཡང་ང་ཚོའི་སེམས་དབུས་སུ་གནས།
འབྲེལ་ཡོད་གསར་འགྱུར།