ཨན་ཧུའེ་ཧོའེ་ནན་གྱི“སྔོ་ཚལ་བཟོ་གྲྭར”ཐོན་སྐྱེད་ལ་བྲེལ་བ།

ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་གྱིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྗང་མདོག་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་མཁོ་སྤྲོད་རྟེན་གཞི་འཛུགས་སྐྲུན་ལ་དམིགས་ནས་རིག་ནུས་ཅན་གྱི་དྲོད་ཁང་འཛུགས་སྐྲུན་དང་། རིག་ནུས་ཅན་གྱི་ཆུ་ལུད་ཚོད་འཛིན། རང་འགུལ་གྱི་འདེབས་འཛུགས་མ་ལག་སོགས་དེང་རབས་ཞིང་ལས་ཚན་རྩལ་ལག་རྩལ་ནང་འདྲེན་ཧུར་ཐག་བྱས་པ་དང་། “སྔོ་ཚལ་བཟོ་གྲྭའི”གླིང་གཙོ་བོ་དཔེ་སྟོན་འདེབས་འཛུགས་ཚད་ལྡན་བྱས་པ་བརྒྱུད། ཉེ་འགྲམ་གྱི་ཞིང་དུད་དང་། ཁྱིམ་ཚང་ཞིང་ར། སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་པ་དང་ཞིང་ལས་ཕན་འབྲས་ཆེར་གཏོང་དང་ཞིང་པར་འབབ་འཕར་ལ་སྐུལ་འདེད་བཏང་བ་མ་ཟད་གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་ཡང་བྱས་ཤིང་། འདི་ནི་ཟླ་10ཚེས་28ཉིན། ཨན་ཧུའེ་ཧོའེ་ནན་གྲོང་ཁྱེར་ཧྥེང་ཐའེ་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དུ་འདེབས་འཛུགས་དུད་ཚང་གིས་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།