དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦྲ་ཆེན་རྫོང་གི་དགེ་སློབ་589ལྷ་སར་སློབ་ཚན་འཚོག་པར་ཁྲིད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-01

    ཟླ་11ཚེས་1ཉིན་གྱི་ཆུ་ཚོད་9པར་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གིས་དམར་རུ་ཤང་དང་གངས་ཆེན་ཤང་གི་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་མ་སྒྲིག་འཛུགས་བྱས་གཅིག་གྱུར་གྱིས་ལྷ་སར་སློབ་ཚན་འཚོག་པར་ཁྲིད་པ་རེད།

    ས་ཡོམ་གྱིས་རྐྱེན་པས་དམར་རུ་ཤང་དང་གངས་ཆེན་ཤང་གི་སློབ་མའི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་སོགས་ཁག་གཅིག་ལ་གཏོར་སྐྱོན་ཕོག་ནས་གནས་སྐབས་སློབ་འགོ་ཚུགས་ཐབས་བྲལ། དེས་ན་སློབ་ལོ་ལོན་པའི་སློབ་མའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བ་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་གེགས་ཁུལ་གྱི་ལོ་རིམ་མཐོ་བའི་སློབ་མ་སྔོན་ལ་སློབ་ཚན་སླར་གསོ་ཐུབ་པའི་འགན་ལེན་བྱས་ནས་ཡུལ་གཞན་དུ་སློབ་ཚན་འཚོག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་འགོ་ཚུགས་པ་རེད། 

    དེ་རིང་ཆེད་སྤྱོད་འགྲུལ་སྐྱེལ་རླངས་འཁོར་22མངགས་ནས་ཤང་གཉིས་ཀྱི་དགེ་སློབ་589དམར་རུ་ཤང་ནས་གཅིག་གྱུར་རྡོག་ཐོན་བྱས། མ་ཐོན་གོང་། ལས་དོན་མི་སྣས་སློབ་མའི་ཆ་འཕྲིན་བསྡོམས་རྩིས་དང་། ཁྱིམ་བདག་དང་འབྲེལ་གཏུག་གཏན་འཁེལ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། མཉམ་སྐྱོད་དགེ་རྒན་བཀོད་སྒྲིག དེ་བཞིན་ལམ་བར་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ་སློབ་མ་སྐྱེལ་འདྲེན་གྱི་བདེ་འཇགས་ཕྱོགས་ཡོངས་ནས་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཡུལ་གཞན་དུ་སློབ་གཉེར་བྱེད་པའི་ལས་དོན་མུ་མཐུད་སྤེལ་ཏེ། སློབ་མཚམས་དང་ཁག་ཐེངས་དབྱེ་ནས་ལོ་རིམ་གཞན་གྱི་སློབ་ཚན་སླར་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཏེ་གེགས་ཁུལ་གྱི་སློབ་གསོ་སློབ་ཁྲིད་ལས་དོན་སླར་གསོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།