དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ནགས་བཟོ་སྔོ་འགྱུར་བྱས་ནས་སྔོ་སྐྱེད་འབབ་འཕར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-01

    འདི་ནི་མེ་འཁོར་ཞིག་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་སྡེ་ཁུལ་གྱི་ཡུག་ཁུལ་དང་པོའི་འགྲམ་ནས་སྐྱོད་བཞིན་པ།

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་སྡེ་ཁུལ་གྱི་ཡུག་ཁུལ་དང་པོའི་གཏན་འཇགས་བདག་སྐྱོང་བས་ནགས་ཁྲོད་དུ་སྐོར་གཡེང་རྒྱག་བཞིན་པ།

    ཉིན་ཤས་གོང་། བོད་ལྗོངས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར(ལྷོ་ཁ་དུམ་བུ)ལས་གྲྭའི་ཡུག་ཁུལ་ཁག་ཏུ་ལས་མིས་ནགས་ཚལ་དང་རྩྭ་ཐང་མེ་ཟོན་སྐོར་གཡེང་དང་། ནགས་ཁྲོད་ཀྱི་ཤིང་ཧྲུག་གཙང་སེལ། ཆུ་འདྲེན་སྒྲིག་ཆས་ཉམས་གསོ་སོགས་བྱས་ནས་ལོ་འཁོར་གྱི་དགུན་ཆུ་དང་པོ་འདྲེན་པའི་ལས་དོན་ཡག་པོ་བསྒྲུབ་པར་གྲ་སྒྲིག་ཨང་བསར་བྱས་པ་རེད།

    ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར(ལྷོ་ཁ་དུམ་བུ)ལས་གྲྭ་2022ལོར་སྤེལ་འགོ་ཚུགས་པ་དང་2026ལོའི་བར་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་31.75བྱས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྒྱ་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ་དང་ཆབས་ཅིག རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་215ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཀྱང་ཐུབ་ནས་སྐྱེ་ཁམས“སྔོ་སྐྱེད”དང་མང་ཚོགས“འབབ་འཕར”གཉིས་ཁེ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།