དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-01

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། གྲོང་མིའི་འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ལེགས་སུ་སོང་ནས་དཔལ་འབྱོར་འཕར་བར་ཕན་ནུས་གལ་ཆེན་ཐོན་ཡོད་པ་རེད།

    འཛད་སྤྱོད་ཀྱི“སྒུལ་ཤུགས་གཙོ་བོའི”ཕན་ནུས་རྒྱུན་མཐུད་བརྟན་དུ་ཕྱིན་ནས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཐའ་མའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་46.7%ཟིན་ནས་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.7གྱིས་མཐོ་བ་ཡོད་པ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གྲངས་2.1འཕར་བར་སྐུལ་ཁྲིད་ཐུབ་ནས་དཔལ་འབྱོར་འཕར་བའི་སྐུལ་ཁྲིད་ནུས་ཤུགས་གཙོ་བོར་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཚོང་ཟོག་དང་ཞབས་ཞུའི་འཛད་སྤྱོད་གལ་ཆེ་མཉམ་དུ་འཕེལ་རྒྱས་བཏང་བས་འཕར་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་བསྐྱར་དུ་ཅུང་ཟད་འཕར་བ་དང་ཚོང་ཟོག་འཛད་སྤྱོད་ཀྱི་གཞི་རྩའི་གནས་ཚུལ་ལེགས་པོ་ཡོད། ལྗང་མདོག་དང་། རིག་ནུས། བདེ་ཐང་བཅས་ཀྱི་འཛད་སྤྱོད་དགོས་མཁོ་ཆེན་པོ་ཡོད་པ་དང་གསར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།