ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ། ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཞུགས་པ།
■ རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་ཏང་སྟོབས་ཆེར་གཏོང་དགོས། སྲིད་སྐྱོང་དུས་ཡུན་དང་ལྷིང་འཇགས་དུས་ཡུན་ཇི་ཙམ་རིང་བ་དང་། ཁོར་ཡུག་རྙོག་འཛིང་ཇི་ཙམ་ཆེ་ན། དེ་ཙམ་གྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་སྡོད་ཉེན་བསམ་ཐུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས།
■ ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ལྷོད་མེད་གཏོང་བར་ཏང་ནང་ཁུལ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་མུ་མཐུད་ཤུགས་རྒྱག་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཏང་གི་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་དབྱེ་ཞིབ་གསལ་པོ་བྱས་ཏེ། དོན་དངོས་གསར་པ་དང་ཟུང་འབྲེལ་གྱིས་སྤྱོད་གོ་ཆོད་པའི་ཁ་གཏད་གཅོག་ཐབས་དང་བྱ་ཐབས་ལ་ཞིབ་འཇུག་བྱེད་དགོས། ཏང་ནང་ཁུལ་དུ་གནས་པའི་གནད་དོན་ཐག་གཅོད་བྱེད་པར་དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་སྟོབས་ཤུགས་ལ་གཞི་ཚུགས་ཏེ་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས། ད་དུང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་པ་དང་། མི་དམངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། མང་ཚོགས་ཀྱི་སྐྱོན་བརྗོད་ཁེངས་སྐྱུང་ངང་ཉན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ལྷོད་མེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་ཏང་སྟོབས་ཆེར་གཏོང་དགོས། སྲིད་སྐྱོང་དུས་ཡུན་དང་ལྷིང་འཇགས་དུས་ཡུན་ཇི་ཙམ་རིང་བ་དང་། ཁོར་ཡུག་རྙོག་འཛིང་ཇི་ཙམ་ཆེ་ན། དེ་ཙམ་གྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་སྡོད་ཉེན་བསམ་ཐུབ་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཞི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལི་ཝེའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཁོང་རྣམ་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་མ་ཟིན་ལ་རྦད་དེ་མོས་མཐུན་གནང་བ་མ་ཟད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་བསམ་ཕྱོགས་གསར་པ་བཏོད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ། ཏང་དང་མི་དམངས་ལ་ཏང་དང་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བར་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད་པ་བཅས་ལ་ངོས་འཛིན་གཅིག་མཐུན་གནང་བ་དང་། ཚང་མས་ད་དུང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་ལྟ་སྐུལ་དང་ཏང་གི་རང་ངོས་གསར་བརྗེར་མཉམ་དུ་ཤུགས་རྒྱག་རྒྱུར་སྐུལ་འདེད་གཏོང་བ། དཔྱད་ཞིབ་གདེང་འཇོག་དང་འགན་འཁྲི་བདའ་འདེད་ལམ་སྲོལ་ལེགས་སུ་གཏོང་བ། ལས་བྱེད་པའི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ། དབང་ཆ་འཁོར་སྐྱོད་ཀྱི་གཅུན་སྡོམ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་ཤོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གྲུབ་འབྲས་རླབས་པོ་ཆེ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་སོགས་ཀྱི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་ནན་ཏན་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ཡིག་ཆ་གལ་ཆེན་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ཉན་པ་དེ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་ལྷག་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་མཚོན་ཚུལ་གལ་ཆེན་ཞིག་རེད། ད་ལོའི་ཟླ་2པར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་ཏེ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་དོན་སྐོར་གྱི་ཏང་ཕྱིའི་མི་སྣའི་བསམ་འཆར་ཆེད་མངགས་བསྡུ་ལེན་བྱས་ཡོད། ཚང་མས་ད་གིན་གཏམ་བཤད་སྤེལ་སྐབས་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་སོང་བས། ང་ཚོས་ཞིབ་འཇུག་དང་དང་ལེན་ནན་ཏན་བྱེད་ཀྱི་ཡིན། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་ཐུག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐུག་ཡོད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་དེ་བས་འགྱུར་མེད་སྟོབས་ལྡན་དུ་འགྱུར་བར་བྱས་ཡོད། དུས་མཚུངས་སུ་འཛམ་གླིང་གི་གནས་བབ་དང་། རྒྱལ་ཁབ་ཀྱི་གནས་བབ། ཏང་གི་གནས་བབ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་སྦྲགས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་འཕྲད་པ་མཐོང་ཐུབ་པར་བྱེད་དགོས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཡིད་ཆེས་བརྟན་གཏོང་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་བཅོས་སྐྱོང་ཡག་པོ་དང་འཛུགས་སྐྱོང་སྟོབས་ཆེན་ཏན་ཏིག་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ལྷོད་མེད་གཏོང་བར་ཏང་ནང་ཁུལ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་མུ་མཐུད་ཤུགས་རྒྱག་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཏང་གི་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་དབྱེ་ཞིབ་གསལ་པོ་བྱས་ཏེ། དོན་དངོས་གསར་པ་དང་ཟུང་འབྲེལ་གྱིས་སྤྱོད་གོ་ཆོད་པའི་ཁ་གཏད་གཅོག་ཐབས་དང་བྱ་ཐབས་ལ་ཞིབ་འཇུག་བྱེད་དགོས། ཏང་ནང་ཁུལ་དུ་གནས་པའི་གནད་དོན་ཐག་གཅོད་བྱེད་པར་དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་སྟོབས་ཤུགས་ལ་གཞི་ཚུགས་ཏེ་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས། ད་དུང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་པ་དང་། མི་དམངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། མང་ཚོགས་ཀྱི་སྐྱོན་བརྗོད་ཁེངས་སྐྱུང་ངང་ཉན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ལྷོད་མེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བར་ངེས་པར་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་བྱེད་པ་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། དགོངས་གཞི་ནན་པོ་མཐའ་འཁྱོངས་ལ་གཡོ་འགུལ་མི་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་བཅས་བྱས་ནས། ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཟུང་འབྲེལ། མི་ལ་དོ་དམ་དང་། བྱ་བར་དོ་དམ། དབང་ཆར་དོ་དམ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་གཤིས་ལ་སྦྱོང་བརྡར་དང་། འཇོན་ཐང་ཆེར་གཏོང་། སྐྱེ་ཁམས་གཙང་བཟོ་བཅས་གཅིག་གྱུར་ཡོང་བ་བྱེད་དགོས། གོང་དཔེ་འོག་སྟོན་མཐའ་འཁྱོངས་ཀྱིས་འགོ་ཁྲིད་ལས་བྱེད་པ་ནས་འགོ་བཙུགས་ཏེ་དམ་འཛིན་ནན་པོ་བྱས་ནས་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་དང་ལས་བྱེད་པས་རང་གཟབ་དང་། སྔ་ཟོན། ཆུང་ཟོན་བཅས་བྱེད་པ་དང་། རང་གཅེས་དང་། རང་དཔྱོད། རང་གཟབ། རང་སྐུལ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་དང་། འཕེལ་རྒྱས་ཡག་པོ། འཐུས་ཚང་ཡག་པོ་བཅས་མཐའ་འཁྱོངས་བྱེད་དགོས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། སྲིད་དོན་ཇུས་འབུལ་ཧུར་ཐག་བྱེད་པ། དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་ཡག་པོ་བཅས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་བྱ་རྒྱུའི་རེ་བ་ཡོད།
འབྲེལ་ཡོད་གསར་འགྱུར།