ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པས་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་མཉམ་ལས་སྐོར་ངོ་སྤྲོད་བྱས་པ།
ཉེ་ཆར། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པས་ཧྥ་རན་སེའི་སི་ཐེ་ལ་སི་པའོ་རུ“ཀྲུང་གོའི་སློབ་ཁང་ཆེ་མོའི”རིམ་སྤེལ་འཆད་ཁྲིད་ཀྱི་འཆད་ཁྲིད་ཐེངས་བཞི་པ་བྱས་པ་དང་ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་ཆེད་བསྐོས་ཕོ་ཉ་ཟུར་པ་ཤེ་ཀྲེན་ཧྭ་ཆེད་མངགས་གདན་དྲངས་ཏེ“ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་མཉམ་ལས”ལ་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།
བྱེད་སྒོ་དེ་ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་ཚའེ་རུན་གྱིས་གཙོ་སྐྱོང་གནང་བ་དང་སི་ཐེ་ལ་སི་པའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཧྥན་ཡུས་མིན་ཚོགས་འདུར་ཞུགས་པ་རེད། ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མི་དང་། ཡོ་རོབ་མནའ་འབྲེལ་གྱི་འབྲེལ་ཡོད་སྒྲིག་གཞིའི་དཔོན་རིགས། ཡོ་རོབ་མནའ་འབྲེལ་དང་དེ་བཞིན་ཧྥ་རན་སེར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་རིགས། ས་གནས་སྲིད་གཞུང་གི་དཔོན་རིགས། སློབ་གསོའི་སྒྲིག་གཞི། ཁེ་ལས། སྨྱན་སྦྱོར་ཇུས་འདོན་ཚོགས་པའི་འཐུས་མི་སོགས་མི་120ལྷག་ཙམ་ཞུགས་ཡོད་པ་རེད།
ཤེ་ཀྲེན་ཧྭ་ཡིས་དེང་སྐབས་གོ་ལ་ཧྲིལ་པོར་འཕྲད་པའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་འགྲན་སློང་སྐོར་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་དང་། ཀྲུང་གོའི་ལྗང་མདོག་ཕྱོགས་སྒྱུར་གྱི་གྲུབ་འབྲས་དང་དེ་བཞིན་གནམ་གཤིས་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལག་ལེན་ལ་གསལ་འགྲེལ་གཏིང་ཟབ། ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་མཉམ་ལས་ཀྱི་མདུན་ལམ་ཆེན་པོར་རྒྱང་ལྟ་བཅས་བྱས་པ་མ་ཟད། ས་ཡུལ་དངོས་སུ་ཚོགས་ཞུགས་མི་སྣའི་དྲི་བར་ལན་བཏབ་པ་རེད།
འཆད་ཁྲིད་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་ཧ་ཅང་དོད་ཅིང་། སྐུ་མགྲོན་ཚོས་ད་ཐེངས་ཀྱི་འཆད་ཁྲིད་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་མ་ཟད། ཡོ་རོབ་དང་ཀྲུང་གོ་ཕྱོགས་གཉིས་པོས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་ལྗང་མདོག་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་ལག་གདང་སྦྲེལ་ནས་ཟླ་11ཚེས་9ཉིན་ནས་ཚེས་20ཉིན་བར་ཐུར་ཁེའི་ཨན་ཐ་ལི་ཡར་འཚོག་ཉེར་ཡོད་པའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་གྱི་ཚོགས་ཆེན་ཐེངས་སོ་གཅིག་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་ཀྱང་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།