གྲོང་ཚོའི་ཐད་གཏོང་པ་གསོ་སྐྱོང་ཧུར་ཐག་བྱས་ནས་ཞིང་ཟོག་དྲ་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ།

འདི་ནི་ཉེ་ཆར་ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་མོང་ཙི་གྲོང་ཁྱེར་གྱི་ཏང་ཡོན་དང་བླངས་པ་དང་ཞིང་པར་རོགས་རམ་བྱེད་མཁན་གྲོང་ཚོའི་ཐད་གཏོང་པས་ཤིན་ཨན་སུའོ་ཁྲོམ་གཞུང་གི་ལོ་བརྒྱའི་གནའ་ཤིང་གི་སེ་འབྲུ་ལྡུམ་རར་ཐད་གཏོང་བརྒྱུད་མོང་ཙིའི་སེ་འབྲུ་འཚོང་བཞིན་པ།
ཉེ་བའི་ལོ་ཤས་རིང་། མོང་ཙི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས“གྲོང་ཚོའི་ཐད་གཏོང་པ་སྟོང་ཕྲག་གསོ་སྐྱོང་འཆར་གཞིར”སྐུལ་འདེད་བཏང་བ་མ་ཟད། གྲོང་ཁྱེར་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཐད་གཏོང་བྱེད་སྟངས་སྤྱད་དེ། དངོས་སྦྱོང་སློབ་ཁང་ཞིང་ནང་དུ་སྤོས་པ་དང་གྲོང་ཚོའི་ཐད་གཏོང་པས་ཐད་གཏོང་འགྲན་བསྡུར་བརྒྱུད་ཡུལ་དེ་གའི་དྲ་ཚོང་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། ཞིང་དུད་ཀྱིས་དྲ་ཐོག་ཁྲོམ་ར་དང་འབྲེལ་མཐུད་ཀྱིས་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་བར་རམ་འདེགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།